༧གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་སྐྱེས་ཆེན་ཡོངས་ལ་སྙན་ཞུ།

༧གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་སྐྱེས་ཆེན་ཡོངས་ལ་སྙན་ཞུ།

མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་བྱང་རྒྱུད་བསྟན་པའི་བདག་ཉིད་ བཅུ་ཕྲག་རིག་པའི་གན་མཛོད། རིམ་གཉིས་གྲུབ་པའི་དབང་ཕྱུག ངེས་དོན་རིག་པ་རང་ཤར་མཚན་བརྗོད་པར་དཀའ་བ ༧ རྗེ་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་དགོངས་པ་བོན་དབྱིངས་སུ་གཤེགས་པའི་དགོངས་རྫོགས་ཀྱི་སྐབས་སུ། གདན་ས་སྨན་རིའི་གླིང་གི་མཁན་སློབ་རྣམ་གསུམ་གི་གཙོས་སེམས་དཔའ་འདུས་པ་རྒྱ་མཚོ་ཡོངས་དང་། ཁྲི་བརྟན་ནོར་བུའི་རྩེའི་མཁན་སློབ་འདུས་སྡེ།བོད་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་དང་རི་ཁྲོད། རྒྱལ་ཕྱི་ནང་གི་སྡེ་ཁག་དང་མི་སྒེར། དེ་མ་ཟད་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བབ་ཚོགས་ཆེན་གསུམ་གྱི་ཚོགས་མི་ཡོངས་ནས་གདུང་སེམས་མཉམ་བསྐྱེད་བྱས་ཏེ་སེམས་གསོའི་གསུང་འཕྲིན་དང་དགུང་རྫོགས་མཆོད་འབུལ། གསོལ་འདེབས་བསྔོ་སྨོན་སོགས་༼བོན་གྱི་སྡོང་གྲོགས་བོན་གྱིས་མཛད་པ་ལ༽། རེབ་གོང་བོན་བརྒྱ་དགོན་པའི་འདུས་སྤྱི་ཡོངས་དང་རེབ་གོང་བོན་མང་ རེབ་གོང་ལ་རོང་འབྲོག་སྟོད་སྨད་བར་གསུམ་གྱི་སྒྲུབ་སྡེ་ཉི་ཤུ་ལྷག་གི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་སེམས་གཏིང་ནས་བཀའ་དྲིན་ཐུགས་ཆེ་ལན་བརྒྱར་ཞུ་བཞིན་པ་ལགས།། །། སྤྱི་ལོ་2018ལོའི་ཧོར་ཟླ་8པའི་ཚེས་ 25སྐྱབས་རྗེ་རིན་པོ་ཆེ་ཞིང་དུ་གཤེགས་ནས་དགུང་ཞག་ཞེ་དགུ་ཚང་པའི་ཕྱི་ཉིན་གུས་པས་ཕུལ།། །།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།