|
སྐལ་བཟང་གིས་དུམ་པ་གཉིས་དཔེ་བསྡུར་དུ་བསྣམས།། སྤྱི་ཟླ༧ཚེས༥ཉིན་རེབ་གོང་བོན་མང་གི་དྲུང་ཡིག་ཆེན་མོ་བསོད་ནམས་གཡུང་དྲུང་གིས་ཞུས་ཆེན་པའི་འགན་ཁུར་ནས་ལས་ལ་དངོས་སུ་ཞུགས་པ་སོགས་སོ།།
ད་ལྟ་ང་ཚོས་སྙིང་ཐག་པ་ནས་གུས་བཀུར་དང་ཡི་རང་གི་གནས་སུ་ཆེས་མཐོ་བ་ནི། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས་ཐོག་མཐའ་བར་གསུམ་ཀུན་ཏུ་ཐུགས་ཁུར་དང་མ་དངུལ་འབོར་ཆེན་བཏང་ནས་སྒྲུབ་པའི་གནའ་རབས་བོད་ཀྱི་ཤེས་རིག་གི་ཆུ་གཏེར་ཆེན་པོ་ལས༼གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་༽ཡིག་བཏགས་དང་ཞུ་དག་གི་བྱ་བ་རྒྱལ་ཁའི་ལམ་བཟང་ན་མདུན་དུ་སྐྱོད་བཞིན་པ་འདི་རེད།།
༢༠༠༨ ལོའི་སྤྱི་ཟླ ༧ ཚེས ༢༩ ལ།།
|