རིན་ཐང་ལྡན་པའི་བཀའ་སློབ།༼པར༽

སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེས་མདོ་སྨད་
རེབ་གོང་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ་བཀའ་དབང་གནང་བ།


    ད་ལོའི་རྒྱ་རྩིས(ལུགས་རྙིང་)ཟླ༣ཚེས༡ནས་ཚེས༧(2008.4.6ནས་ཚེས12)བར་དུ་རོང་ཆེན་བཞིའི་ཡ་གྱལ།བྱང་གི་ཨཀྟ་རོང་ངམ་ཡོངས་གྲགས་སུ་རེབ་གོང་རིག་པ་འབྱུང་བའི་སྟོད་ཕྱོགས་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་དུ།མཁས་དང་གྲུབ་པའི་གཙུག་རྒྱན་སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔལ་གྱི་སྡེས། རང་དགོན་གྱི་ཐེངས་བདུན་པའི་ལོ་གསུམ་སྒྲུབ་གྲྭ་བ་བཅུ་ཕྲག་གཉིས་ལ་ཉེ་བ་རྣམས་གཙོས།མཚོ་སྔོན་རེབ་གོང་རྫོང་དང་ཞོན་ཧྭ་རྫོང་། དཔའ་ལུང་རྫོང་། ཁྲི་ཀ་རྫོང་། ཀོས་ནན་རྫོང་། རྩེ་ཁོག་རྫོང་། སི་ཁྲོན་ཧོང་ཡོན་རྫོང་སོགས་རྫོང་ཁག་བདུན་ནས་འདུས་པའི་དད་ལྡན་མང་ཚོགས་ཉིས་སྟོང་ལྷག་ལ་བཀའ་དབང་ཟབ་མོ་གནང་།།
     དེ་ཡང་ཚེས ༡ ཉིན་ཐེག་པ་ཆེན་པོའི་འཇུག་སྒོ་སེམས་བསྐྱེད་མཆོད་པས་གཞི་ བཟུང་། ཚེས ༢ ཉིན་བླ་མ་ཚེ་དབང་རིག་འཛིན་གྱི་དབང་ཀ་ཡེ་ཤེས་སྤྱི་བླུགས་ཀྱི་སྟ་གོན་དང་ཚེས ༣ ཉིན་དངོས་གཞི་དབང་གི་རིམ་པ་ཆ་ཚང་། ཐུན་གསེང་དུ་བཀྲ་ཤིས་སྒོ་མང་མཆོད་རྟེན་ཆེན་མོའི་ས་འདུལ་རྨང་འདིང་གི་མཛད་སྒོ་སྤེལ། ཚེས ༤ ཉིན་ཀུན་བཟང་རྒྱལ་བ་འདུས་པའི་དབང་བྱིན་རླབས་སྤྲིན་དཔུང་གི་སྟ་གོན་དང་ཚེས༥ ཉིན་དབང་གི་དངོས་གཞི། ཚེས ༦ ཉིན་སྤྱི་འདུལ་ཡང་གསང་གི་དབང་ཡིད་བཞིན་འདོད་འབྱུང་གི་སྟ་གོན་དང་ཚེས༧ཉིན་དངོས་གཞི་དབང་གི་རིམ་པ་ཆ་ཚང་བཅས་དད་ལྡན་གྱི་སློབ་མ་རྣམས་སྨིན་གྲོལ་ལ་བཀོད་ནས་བྱིན་རླབས་རྒྱུད་ལ་ཞུགས་རྟགས་སུ་དབང་བྱིན་བབས་པའི་སློབ་མ་ཤིན་ཏུ་མང་ངོ་།།
     གྲུབ་མཐའ་གཞན་ལུགས་ལ་དབང་བསྐུར་བའི་ཡི་དམ་གང་ཡིན་པ་དེའི་ཆོ་ག་མི་གཞན་པས་བཏོན་ནས་བླ་མས་དབང་བསྐུར་བ་ཁོ་ན་བྱེད་པ་ཡོད་ཀྱང་། ཐུན་མིན་གཡུང་དྲུང་བོན་གྱི་ལུགས་ལ་དེ་འདྲའི་དཔེ་མི་སྲིད་པས། ཉིན་འདི་དག་གི་རིང་ལ་ཁོང་རིན་པོ་ཆེས་དབང་བསྐུར་བའི་ཡི་དམ་རེ་རེ་བཞིན་གྱི་ཆོ་ག་གསུངས་པ་དང་དབང་བཤད་ཀྱི་སྐབས་སུ། སློབ་མ་རྣམས་ལ་གཡུང་དྲུང་གི་བོན་རིན་པོ་ཆེ་ཉམས་སུ་ལེན་མཁན་ཞིག་ཡིན་ཚེ་རང་སེམས་ཞི་དུལ་ལ་གནས་དགོས་ཤིང་། སངས་རྒྱས་ཀྱི་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་ཡིན། སྐྱབས་འགྲོ་རྒྱུད་ལྡན་གྱི་གང་ཟག་ཡིན་ན་སྐྱབས་ཡུལ་ལ་ཉེ་རིང་ཆགས་སྡང་བྱེད་པ་འགལ། རྒྱུ་མཚན། སྐྱབས་འགྲོའི་སྡོམ་པ་ནི་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་ཡིན་པས། སྐྱབས་འགྲོའི་བསླབ་བྱ་ལ་འགལ་ན་གསང་སྔགས་དང་བྱང་ཆུབ་སེམས་དཔའི་སྡོམ་པ་རྒྱུད་ལ་གནས་ཐབས་མེད་པས། ད་

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།