|
ལྟའི་མི་འགའ་རེས་སྐྱབས་འགྲོའི་བསླབ་བྱ་སྣང་མེད་དུ་བཞག་ནས་ང་བྱང་སེམས་པ་ཡིན་ཟེར་བ་དང་ང་གསང་སྔགས་པ་ཡིན་ཟེར་བ་རྣམས་ནི་དེ་དག་གི་མིང་གི་ལྷག་མ་ཙམ་ཡིན་པས་སྐྱབས་འགྲོའི་བསླབ་བྱ་ལ་གཟབས་དགོས་ཚུལ་ནན་གྱིས་གསུངས། དེ་བཞིན་དུ་ཐེག་ཆེན་ཐུན་མོང་བའི་སེམས་བསྐྱེད་དང་ཐུན་མིན་གསང་སྔགས་ཀྱི་དམ་ཚིག་གི་སྐོར་ནས་ཞིབ་རྒྱས་སུ་གསུངས་ཤིང་། བཤད་སྒྲུབ་ཟུང་དུ་འབྲེལ་བའི་སྒོ་ནས་རྒྱལ་བའི་བསྟན་པ་འཛིན་པ་དང་སེམས་ཅན་གྱི་ཕན་བདེ་བསྒྲུབ་དགོས་པའི་བསླབ་བྱ་སྩལ།།
དབང་གི་ཐུན་གསེང་རྣམས་སུ་དད་ལྡན་སློབ་མའི་འཁོར་ལ་ཡི་དམ་ལྷའི་བསྒྲུབ་གཞུང་གི་ལུང་གནང་བ་དང་། དལ་ཁོམ་གྱི་སྐབས་དང་བསྟུན་ནས། སྤུན་ཟླ་མི་རིགས་བར་ལ་མཐུན་སྒྲིལ་དང་མི་རིགས་རང་གི་ནང་ཁུལ་དུ་ཆོས་ལུགས་གྲུབ་མཐའ་མི་རྩོད་པ་དང་ས་རྩོད་ཆུ་རྩོད་མི་བསླང་བར། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་དང་མི་དམངས་ཀྱི་ཁེ་ཕན་དང་དཔལ་འབྱོར་གོང་འཕེལ་ལ་རམ་འདེཊ་བྱེད་དགོས་པ་སོགས་ཀྱི་བཀའ་སློབ་རིན་ཐང་བྲལ་བ་ཉིན་བདུན་གྱི་རིང་ལ་སྩལ་ནས་སྐལ་ལྡན་སློབ་མའི་འཁོར་ཚོགས་ལེགས་ལམ་དུ་འགོད་པའི་དབང་གི་རིམ་པ་བདེ་བླག་ངང་མཇུག་བསྒྲིལ་བའོ།།
|