བྱང་ཆུབ་ལམ་གྱི་རིམ་པའི་བསྡུས་དོན་ཐར་ལམ་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།

 ཕྱིན་མིང་མི་ཐོབ། །དྲུག་དྲུག་ཚང་བར་སྤྱོད་པའི་ཉམས་ལེན་གསུངས། །ཤེས་རབ་ཡང་དག་རྒྱུད་ལ་སྐྱེ་བའི་རྒྱུར། །ཏིང་འཛིན་མཚན་ཉིད་པ་ལ་རགས་ལས་ཏེ། །དེ་ལའང་ལམ་དུ་ཞུགས་དང་མ་ཞུགས་གཉིས། །ཕྱི་མ་སྲིད་པ་འགྲུབ་པའི་རྒྱུ་ཕྱིར་གོལ། །སྔ་མས་སྤོང་བྱེད་བྱང་ཆུབ་ཡན་ལག་ཅན། །དེ་དག་སྒྲུབ་ལ་མི་མཐུན་ཕྱོགས་རྣམས་སྤོངས། །མཐུན་པའི་གནས་གྲོགས་ཡོ་བྱད་དག་ལ་བརྟེན། །འདུ་བྱེད་བརྒྱད་ཀྱིས་སྐྱོན་དྲུག་སྤོང་བའི་ཚུལ། །ལེགས་པར་བསླབ་ཏེ་ཆ་ལུགས་ལྔ་ལྡན་ངང་། །དེ་བཞིན་གཤེགས་པའི་སྐུ་ལ་སེམས་བཟུང་སྟེ། །ཉམས་ཚོད་ལྔ་སོགས་རིམ་གྱིས་འབྱུང་བར་བསླབ། །ཤིན་སྦྱངས་གྲུབ་པ་དང་པོའི་ཉེར་བསྡོགས་དེ། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་འགྲུབ་པའི་རྒྱུ། །བདག་མེད་རྣམ་གཉིས་རྟོགས་པའི་སྣོད་དུ་འགྱུར། །ལྷག་མཐོང་མེད་ན་ཏིང་འཛིན་བསྒོམས་པས་ཀྱང་། །སྲིད་པའི་རྩ་བ་ཉོན་མོངས་སྤོངས་ནུས་མིན། །དེ་ཕྱིར་བདེན་གཉིས་ཟུང་འབྲེལ་ལྟ་བ་དེ། །ཤིང་རྟ་ཆེན་པོའི་གཞུང་བཞིན་རྣམ་པར་དཔྱད། །བདག་མེད་རྣམ་གཉིས་རིགས་པས་གཏན་ལ་ཕབས། །དེ་ཡང་རྟེན་འབྲེལ་བཤིགས་པའི་ཆད་སྟོང་དང་། ། གཞན་སྟོང་བློས་བྱས་སྟོང་བར་བསྒོམ་པ་སོགས། །གོལ་ས་མཐའ་དག་བཅད་ནས་འཁྲུལ་མེད་དུ། །དཔྱད་དང་འཇོག་པས་མཉམ་རྗེས་ལྟ་བ་སྐྱོངས། །དེ་ཚེ་སོ་སོར་རྟོག་པའི་དཔྱད་སྟོབས་ཀྱིས། །ཤིན་སྦྱངས་འདྲེན་པ་ལྷག་མཐོང་དངོས་ཡིན་ཞིང་། །འཁོར་བའི་རྩ་བ་དྲུངས་ནས་འབྱིན་པ་དང་། །ཤེས་བྱའི་གནས་ལུགས་ཇི་བཞིན་ཁོང་དུ་ཚུད། །ཐམས་ཅད་མཁྱེན་པའང་འདི་ཡིས་འགྲུབ་པར་གསུངས། །དེ་ལྟར་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ནས། །ཐུན་མིན་འབྲས་བུའི་ཐེག་པའི་སྒོར་ཞུགས་ཏེ། །རིམ་གཉིས་ལམ་གྱི་ཉམས་ལེན་མཐར་སོན་ཞིང་། །བླ་མེད་གསང་ཆེན་དགོངས་དོན་རྟོགས་པར་ཤོག །
སྨྲས་པ།
     ཟབ་དོན་རླབས་ཀྱི་ཕྲེང་བས་རབ་མཛེས་མཐའ་ཡས་གཞུང་ལུགས་བདུད་རྩིའི་མཚོར། །རྣམ་དཔྱོད་བསྲུབས་ཤིང་བཙུགས་པའི་རྩེ་དགའ་ལྷག་བསམ་གདོང་བཞིས་བསྐུར་བའི་མདོ། །ལེགས་བཤད་ལམ་གྱི་རིམ་པས་བསྡུས་དོན་རི་དྭགས་གཟུགས་ཀྱིས་མཛེས་པ་ཅན། །ཐར་འདོད་ཡོངས་ཀྱི་འཇུག་ངོགས་གསལ་ཕྱིར་སྔོ་བསངས་བུ་མོའི་གདོང་ལས་ཤར། །སྤྱི་ཁོག་སྣང་བརྙན་རྣམ་པར་འཆར་བའི་མེ་ལོང་འདི། །མཁས་པའི་ལེགས་བཤད་དྲི་བྲལ་ཤེལ་དཀར་གཞིར་བྱས་ཀྱང་། །སྐྱེས་སྦྱངས་རིག་པའི་བྱི་དོར་ཞན་པས་ཉེས་བཤད་ཀྱི། །རྡུལ་གྱིས་གོས་ན་མཁས་དབང་ཡོངས་ཀྱི་མདུན་སར་འཆགས། །འདིར་འབད་ལྷག་བསམ་བདུན་ལྡན་ཤིང་རྟས་ལེགས་པར་དྲངས་པའི་དགེ་བ་ཡིས། །རྒྱལ་བའི་བསྟན་དང་བསྟན་འཛིན་དམ་པ་ཉི་མ་བྱེ་བའི་གཟི་འོད་ཀྱིས། །ཕན་བདེ་གསེར་གྱི་པདྨོའི་དགའ་ཚལ་རྫོགས་ལྡན་གསར་བའི་ལང་ཚོ་རྒྱས། །གཏན་བདེ་སྣང་བས་ས་ཆེན་ཁྱབ་ཅིང་འགྲོ་རྣམས་རྫོགས་བྱང་ཐོབ་གྱུར་ཅིག །
ཅེས་བྱང་ཆུབ་ལམ་གྱི་རིམ་པའི་བསྡུས་དོན་ཐར་ལམ་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ནི། དད་དམ་གཙང་བའི་གྲོགས་པོ་འགས་ཡང་ཡང་བསྐུལ་ཀྱང་། རང་ལ་སྐྱེས་པའི་ཐོབ་པ་ཙམ་ལས་སྦྱངས་པ་དམན་པས་བཏང་སྙོམས་སུ་བཞག ཉེ་ཆར་རྗེ་ཀུན་མཁྱེན་མཆོག་གི་དངོས་སློབ་ཤཱ་སཱ་རའི་མཚན་ཅན་ཁུ་དབོན་ཟུང་ནས་བཀའ་ནན་ཕེབས་པ་ལྡོག་མ་ནུས་པར། ལམ་ཁྲིད་ཀྱི་གཞུང་ཚད་ལྡན་དུ་མའི་དོན་སྤྱི་ཙམ་བློ་ཡུལ་དུ་བཞག་སྟེ། ཆོས་རྗེ་སྐྱེ་མིང་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བྲིས་པས་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་བྱེད་པའི་རྒྱུ་རུ་གྱུར་ཅིག་གུ ། ། སརྦ་མངྒ་ལཾ། དགེ་ཞིང་བཀྲ་ཤིས། །

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།