འཇིགས་པ་བརྒྱད་སྐྱོབས་མའི་བསྟོད་ཕྱག་བཞུགས་སོ། །

༄༅། །ཨཱོྃ་རྒྱལ་བ་ཀུན་ཡུམ་རྗེ་བཙུན་བྱམས་མ་ལ། །
རིགས་བཞི་བྱམས་སྐྱོབས་པ་མ་བརྒྱད་དང༌། །
བཅུ་དྲུག་སོ་གཉིས་ལྔ་བཅུའི་སྲས་ཡུམ་སོགས། །
བྱམས་ཕྲན་འབུམ་ཕྲག་འཁོར་དང་བཅས་པ་རྣམས། །
བརྩེ་བའི་དབང་གིས་འདིར་གཤེགས་མཁའ་ལ་བཞུགས། །
གུས་པས་ཕྱག་འཚལ་མི་དགེ་གང་བགྱིས་བཤགས། །
དགྱེས་པའི་མཆོད་སྤྲིན་སྟོང་གསུམ་གང་བར་འབུལ། །
གསོལ་བ་བཏབ་སྟེ་བདག་གིས་བསྟོད་པའི་མཐུས། །
མེ་ཆུ་ས་རླུང་འབྱུང་ལྔའི་འཇིགས་པ་དང༌། །
དགྲ་བྱད་ལ་སོགས་འཇིགས་པ་བརྒྱད་རྣམས་ལས། །
སྐྱོབས་པར་མཛོད་ཅིག་བྱམས་མ་ཆེན་མོ་མཁྱེན། །
བདག་སོགས་ཚེ་འདིར་བསམ་དོན་འགྲུབ་པ་དང༌། །
འགྲོ་ཀུན་རྣམ་དག་བདེ་ལ་བཀོད་ནུས་ཞིང༌། །
ཕྱི་མ་རྗེ་བཙུན་ཆེན་མོའི་སྐུ་ཐོབ་ཤོག །
ཨཱོཾ་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་མ་ཡེ་རུ་པ་ཡེ་ཏ་འདུ་འདུ་སྭཱཧཱ།།
ཞེས་པ་བྱམས་མའི་མཆོད་བསྟོད་འདི་ནི་སྣང་སྟོན་གཡུང་དྲུང་བསྟན་པའི་ཉི་མས་གསུངས་པ་དགེའོ།། བཀྲ་ཤིས་སོ།། །།

青ICP备08000069号
QQ:568095347
E-mail:liamrgbm@yahoo.com.cn

པར་དབང་རེབ་གོང་བོན་མང་དྲ་བར་དབང་བས་གཞན་གྱིས་མི་སྤྱོད་པར་མཁྱེན།
བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བས་ལག་རྩལ་ཕྱོགས་ནས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ།