སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།

226299889

ཡུལ་མདོ་སྨད་ཀྱི་མ་ཧཱ་པཎྟི་ཏ་ཆེན་པོ་སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེའི་ཡང་སྤྲུལ་ནམ་མཁའ་བསྟན་འཛིན་མཆོག་ནི།༼ པར ༽ མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ་སྨིན་གྲོལ་དུང་དཀར་གཡས་སུ་འཁྱིལ་བའི་མདུན། ཆབ་འགག་ཨེར་ཏིའི་ས་ཆ་རུ་དམ་པ་ཁྱུང་གི་རུས་ལ་སྐུ་འཁྲུངས། སྐུ་ཆུང་བའི་དུས་ནས་ཀ་དང་ཨ། མ། ཀྲ། ཤི། ས། ཆ་སོགས་ཡིག་འབྲུ་བདུན་པོ་མ་བསླབས་རང་བརྡོལ་དུ་མཁྱེན་པ་དང་། རིགས་ཀྱི་ཞང་བོ་དགེ་སློང་བསྟན་འཛིན་དབང་རྒྱལ་མཆོག་ཐོག་མའི་ཀློག་སློབ་པའི་དགེ་རྒན་དུ་བསྟེན་ཏེ་འབྲི་ཀློག་འདོན་གསུམ་དང་བོན་སྤྱོད་སོགས་ལ་བསླབས། རིམ་བཞིན་བོན་བརྒྱ་རིན་པོ་ཆེ་གཙོར་བྱས་སྔ་གཞུག་ཏུ་རྒྱ་འོབ་རིན་པོ་ཆེ་དང་སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་ཚང་། མཛོད་དགེ་བསམ་འགྲུབ་དགོན་པའི་རྟོགས་ལྡན་བསྟན་འཛིན་ཉི་མ། དགེ་བཤེས་བསྟན་འཛིན་ཡེ་ཤེས། དགེ་བཤེས་ནམ་མཁའ་ཚུལ་ཁྲིམས། རྔ་ཡུལ་རྟོགས་ལྡན་བཟོད་པ་རྒྱལ་མཚན་ཚང་སོགས་ངེས་པ་དོན་གྱི་པཎྚི་ཏ་དང་རྟོགས་ལྡན་པ་རྣམས་ཀྱི་མདུན་ནས་ཕྱི་ནང་གི་རིག་གནས་སྤྱི་དང་ཁྱད་པར་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལ་ཐོས་བསམ་དཔྱིས་ཕྱིན་པ་དང་ཉམས་ལེན་སྔ་ཕྱིར་ལོ་དྲུག་ཏུ་བཅད་རྒྱར་བཞུགས། ཁོང་གིས་རྒྱུན་ཏུ་བྱ་ཉུང་དོན་ཉུང་གིས་སྒྲུབ་པ་ཉམས་ལེན་གཙོར་བྱས་ཏེ། གྲྭ་རྐྱང་དཀྱུས་མའི་ཚུལ་དུ་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་དབང་ལུང་ཁྲིད་གསུམ་གྱིས་དད་ལྡན་མང་ཚོགས་ལ་དགེ་སྡིག་སྤང་བླང་གི་ལས་ཁོ་ན་མཛད་དེ། མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན། ཟི་ཁྲོན་ཞིང་ཆེན། ལེའོ་ཉིན་ཞིང་ཆེན། ཧུའུ་ནན་ཞིང་ཆེན། ཧྲིན་ཀྲིན། པེ་ཅིན་བཅས་ནས་ཕེབས་པའི་རྒྱ་བོད་སོག་གསུམ་གྱི་སྐལ་ལྡན་བུ་སློབ་རྣམས་སྨིན་གྲོལ་གྱི་ལམ་དུ་འགོད་བཞིན་བཞུགས་པ་ལགས་སོ།།
འབྲེལ་གཏུག་ཞལ་པར། 13909733182

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།