རེབ་གོང་བོན་མང་དྲ་ཚིགས་ཀྱིས་དྲ་གྲོགས་ཡོངས་ལ་ལོ་མཇུག་གི་ལེགས་སྐྱེས་གསར་བ་ཕུལ་ཡོད།


      རེབ་གོང་བོན་མང་དྲ་ཚིགས་བཙུགས་ནས་ལོ་ངོ་བརྒྱད་རིང་ལ་ཀློག་པ་པོ་དང་རྩོམ་པ་པོ་མང་པོ་ཞིག་གིས་རྒྱབ་སྐྱོར་གང་མང་གནང་བའི་བཀའ་དྲིན་གྱིས་ངེད་དྲ་ཚིགས་ཀྱི་ཚེ་སྲོག་འདི་དེ་རིང་བར་དུ་བརྟན་ཡོད་པས། དྲ་ཚིགས་དོ་དམ་པས་ཆེད་དུ་ཁྱེད་ཅག་ལ་བཀའ་དྲིན་ཆེ་ཞུ་བ་དང་། རྗེས་ཕྱོགས་ཀྱང་དྲ་ཚིགས་འདིར་རྩོམ་ཡིག་གི་རྒྱབ་སྐྱོར་གང་ལེགས་གནང་སྟེ་ང་ཚོ་གཡུང་དྲུང་བོན་གྱི་ཆེས་ཐོག་མའི་དྲ་བ་འདིའི་སྐུ་ཚེ་བརྟན་པོར་གཏོང་བའི་རེ་བ་སྙིང་ནས་ཞུ་བཞིན་ཡོད་ལ། གནམ་ལོ་གསར་བ་མ་ཚེས་གོང་གི་ལོ་རྙིང་གི་ཆེས་མཇུག་མཐའི་ཉིན་མོ་འདིར་ངེད་དྲ་ཚིགས་ཀྱིས་རྩོམ་པ་པོ་དག་ལ་རྩོམ་བསྐུར་ཡུལ་གྱི་ཐད་ནས་སྟབས་བདེ་རུ་བཟོས་ཏེ་དྲ་ཚིགས་ཀྱི་གཤམ་དུ<དོ་དམ་པའི་སྐད་འཕྲིན>ཞེས་སྐད་འཕྲིན་གྱི་རྩ་གཉིས་ཨང་གཤེར་བཞག་ཡོད་པས། རྩོམ་པ་པོ་དག་གིས་དེ་གཉིས་ཀྱི་གང་རུང་ནང་འཇུག་བྱས་ཏེ་རྩོམ་ཡིག་ཐད་ཀར་ང་ཚོ་ལ་བསྐུར་ཆོག་པའི་ལེགས་སྐྱེས་གསར་བ་ཡིན་ལགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།