ཀླུང་རྟའི་སྐོར།

ཀླུང་རྟའི་སྐོར། ནམ་མཁའི་ནོར་བུ། ཀླུང་རྟ་ཞེས་པའི་ཚིག་དེ་ལས། ཀླུང་ནི་ནམ་རྒྱུན་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཏེ་འབྱུང་བའི་ཁམས་ལྔ་རུ་བརྩི་བའི་ཚེ། འབྱུང་བ་ནམ་མཁའི་ཁམས་མཚོན་པ་སྟེ། ཡོངས་ཁྱབ་པའམ་ཀུན་གྱི་བདག་ཉིད་ལ་འཇུག་པ་ཡིན། ཚིག་གཞན་ནགས་ཚལ་སྟུག་པོ་ལ་ནགས་ཀླུང་ཞེས་ནགས་ཀྱིས་ཡོངས་སུ་ཁྱབ་པའི་དོན་དང་། ཆུ་བོ་ཆེན་པོ་ལ་ཆུ་ཀླུང་ཞེས་ཆུ་བོའི་རྒྱུན་མི་ཆད་ཅིང་དུས་རྟག་ཏུ་འབབ་… དེ་ལས་མང་།ཀླུང་རྟའི་སྐོར།

སྒྲ་བླའི་ཚིག་དོན་སྐོར།

སྒྲ་བླའི་ཚིག་དོན་སྐོར། ནམ་མཁའི་ནོར་བུ། སྒྲ་བླ་ཞེས་བྱ་བའི་ཚིག་འདིར་དུས་ཕྱིས་ཀྱི་དཔེ་རྣམས་སུ“དགྲ་ལྷ”ཞེས་དགྲ་ཡི་ལྷ་སྟེ། དགྲ་བོ་དང་རྩོད་པའམ་གཡུལ་འགྱེད་པའི་ལྷ་ཡིན་པའི་དོན་ལ་སྦྱར་འདུག་པ་དཔེར་ན། «ལྷ་བསང་བརྒྱག་བརྔན་ཆེན་མོ»[ ཤ༡༠ནཕ༥]ལས“རང་ལ་ཡོད་པའི་དགྲ་ལྷ་བསང་། །གྲོགས་ཀྱིས་འགོ་བའི་དགྲ་ལྷ་བསང་། །དགྲ་བསད་གྲུབ་པའི་དགྲ་ལྷ་བསང་། །དར་མ་ཐོབ་པའི་དགྲ་ལྷ་བསང་། །ཆེ་བཙན… དེ་ལས་མང་།སྒྲ་བླའི་ཚིག་དོན་སྐོར།

སྒྲ་ཚད་ཀྱི་བྱུང་བ་བརྗོད་པ་དྲི་མེད་གསེར་གྱི་རང་མདངས།

སྒྲ་ཚད་ཀྱི་བྱུང་བ་བརྗོད་པ་དྲི་མེད་གསེར་གྱི་རང་མདངས། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། བོད་ཀྱི་ཚད་མ་རིག་པའི་ཚོགས་འདུ་ཐེངས་གཉིས་པ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་འཚོགས་པའི་སྟེང་དུ་ ཕུལ་བའི་གསུང་བཤད། བོད་ཀྱི་སྒྲ་ཚད་རིག་པ་ནི། ཆོས་ལུགས་དགོན་སྡེ་ཁག་ཏུ་མ་ཟད་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཐམས་ཅད་ཀྱིས་བོད་ཀྱི་སྒྲ་རིག་པ་ལ་སྦྱངས་ནས་ད་ལྟ་ཚད་མ་རིག་པ་ལ་ཡང་འཆད་རྩོད་ས… དེ་ལས་མང་།སྒྲ་ཚད་ཀྱི་བྱུང་བ་བརྗོད་པ་དྲི་མེད་གསེར་གྱི་རང་མདངས།

བོད་ཀྱི་རྒྱལ་རབས་ལོ་ཚིགས་ལ་དཔྱད་པ་སྒྲོན་མེ་ཆུང་ངུའི་འོད་སྣང་ཞེས་བྱ་བ་བཞུགས།

བོད་ཀྱི་རྒྱལ་རབས་རྣམས་འཁྲུངས་འདས་ཀྱི་ལོ་ཚིགས་མི་མཐུན་པའི་སྐོར་ལ་དཔྱད་པ་ སྒྲོན་མེ་ཆུང་ངུའི་འོད་སྣང་ཞེས་བྱ་བ་བཞུགས། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། ཧོ་ལན་རྒྱལ་ཁབ་ཏུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་དགུ་བའི་སྟེང་གི་གསུང་བཤད།      ༄༅། ། བོད་ཀྱི་ཐོག་མའི་རྒྱལ་པོ་གཉའ་ཁྲི་ནས། །བོད་རྒྱལ་རིམ་བྱོན་རིགས་ཀྱི་ཅོད་པན་མཆོག །བོན་ཆེན་སྣང… དེ་ལས་མང་།བོད་ཀྱི་རྒྱལ་རབས་ལོ་ཚིགས་ལ་དཔྱད་པ་སྒྲོན་མེ་ཆུང་ངུའི་འོད་སྣང་ཞེས་བྱ་བ་བཞུགས།

བོད་མངའ་མཛད་བཅུའི་དུས་རབས་ཀྱི་ངོ་སྤྲོད་མདོ་ཙམ་གླེང་པ།

བོད་མངའ་མཛད་བཅུའི་དུས་རབས་ཀྱི་ངོ་སྤྲོད་མདོ་ཙམ་གླེང་པ། བེ་རི་རྒྱལ་པོའི་དཀའ་འབངས་འཇིགས་མེད། སྔོན་དུ་གླེང་པའི་གཏམ།        བོད་ཀྱི་ལོ་རྒྱུས་བྱུང་རིམ་ཁྲོད། འོ་དེ་པུར་རྒྱལ་གཉའ་ཁྲི་བཙན་པོ་ཚུན་ཆད་ཅུང་ཟད་ཁ་གསལ་བའི་ལུགས་སུ་མཆིས་མོད། དེའི་ཡར་སྔོན་བོད་སྟོད་སིལ་གྱི་བྱུང་རིམ་དང་འབྲེལ་པའི་མངའ་མཛད་སྐོར་སྔོན་གྱི་ལོ་རྒྱུས་ཁ་ཤས་སུ་རྐང་གྲངས་ཙམ་ངོས་འཛིན་བྱས་པ་དང༌། ཡང་ན… དེ་ལས་མང་།བོད་མངའ་མཛད་བཅུའི་དུས་རབས་ཀྱི་ངོ་སྤྲོད་མདོ་ཙམ་གླེང་པ།

ཡ་ཐོག་སྲིད་པའི་བོན་གྱི་ལྷ་འདྲེའི་སྐོར་གླེང་བ།

ཡ་ཐོག་སྲིད་པའི་བོན་གྱི་ལྷ་འདྲེའི་སྐོར་གླེང་བ། རྩེ་ཞིག་ཚང ༧ ཤེས་རབ་བསྟན་པའི་ཟླ་བ།  ཡ་ཐོག་སྲིད་པའི་ལྷ་འདྲེ་ཞེས་པ་ནི་ཁམས་གསུམ་གང་རུང་ན་འགུལ་སྐྱོད་རང་བཞིན་གྱིས་འཚོ་གནས་བྱེད་པའི་སྐྱེ་འགྲོའི་བྱེ་བྲག་ཞིག་གོ །ད་ལྟའི་བསྐལ་བ་འདིའི་དབང་དུ་བྱས་ན། སྲིད་པའི་མཛོད་ཕུག་དང་། རླངས་ཀྱི་པུ་ཏི་བསེ་རུ། བཀའ་ཐང་སྡེ་ལྔ་བཅས་ཞལ་མཐུན་པར་ཡ་ཐོག་སྐྱེ་འགྲོའི་གྲོལ་ལུགས་ནི། མེ་ཆུ་ས་… དེ་ལས་མང་།ཡ་ཐོག་སྲིད་པའི་བོན་གྱི་ལྷ་འདྲེའི་སྐོར་གླེང་བ།

འབྱུང་ལྔའི་རིམ་གྲོའི་གནད་མིག་ཟུར་ཙམ་བརྗོད་པ།

འབྱུང་ལྔའི་རིམ་གྲོའི་གནད་མིག་ཟུར་ཙམ་བརྗོད་པ། སྤུ་ཉི་མ་རྒྱལ་མཚན། མ་བཅོས་རང་གདངས་ཡེ་ལྔའི་སྙིང་བོ་ཅན། །མ་སྒྲིབ་རང་གསལ་འོད་ལྔའི་དྲྭ་གུར་ཀློང་། །མ་འགག་རང་ཤར་རིགས་ལྔའི་དཀྱིལ་འཁོར་ལྷ། །མ་གྱུར་རང་གཞན་ཁམས་ལྔའི་རྟེན་ལ་བཞུགས། །མཐོ་སྒང་ཞང་བོད་གནའ་རབས་རིག་པའི་སྲོལ། །དྲུག་ལྡན་སྐྱེས་བུའི་སྲོག་ལུས་དབང་ཀླུང་དཔལ། །མི་ཉམས་མཁའ་རུ་སྤུར་བའི་བྱ་མ་རྟ། །ངོ་མཚར་འབྱུང་ལྔའི་ར… དེ་ལས་མང་།འབྱུང་ལྔའི་རིམ་གྲོའི་གནད་མིག་ཟུར་ཙམ་བརྗོད་པ།

ལྷ་བོན་སྒོ་བཞིའི་ནང་ཚན་བསང་གི་སྐོར་ཅུང་ཟད་གླེང་བ།

ལྷ་བོན་སྒོ་བཞིའི་ནང་ཚན་བསང་གི་སྐོར་ཅུང་ཟད་གླེང་བ། ཁྱུང་པོ་ཚངས་པ་བསྟན་འཛིན།        ༄༅། །འཛམ་གླིང་ཡང་རྩེ་ཞང་བོད་ཀྱི་ལྗོངས་འདིར་མི་ལོ་ཆིག་ཁྲིའི་ཡར་སྔོན་ནས་འགྲོ་བ་མི་ཡི་སྲིད་པ་གྲུབ་ཅིང་དེ་དང་དུས་མཚུངས་སུ་སོ་སོའི་འདུ་ཤེས་དང་མཐུན་པའི་རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས་བཅས་ཐུན་མོང་མ་ཡིན་པ་རེ་བྱུང་ཡོད་པ་ནི་སྤྱི་ཚོགས་འཕེལ་རིམ་གྱི་རང་བཞིན་ལས་རྟོགས་ནུས་པ་ཡིན།། … དེ་ལས་མང་།ལྷ་བོན་སྒོ་བཞིའི་ནང་ཚན་བསང་གི་སྐོར་ཅུང་ཟད་གླེང་བ།

ཀླུང་རྟའི་སྐོར།

ཀླུང་རྟའི་སྐོར། སྟོན་པའི་མཛད་བཟང་དབྱར་གྱི་སྤྲིན་ཚོགས་ལས། །བྱུང་བའི་འབྱུང་ལྔ་སྦྲང་ཆར་ཟེགས་མའི་བཅུད། །བཞི་བསྡུས་ཕུང་པོ་འཛིན་མའི་ལྟོ་བ་རུ། །ཐིམ་དང་ལྷན་ཅིག་ཕུང་ཁམས་འདབ་སྟོང་བཞད། །འདི་ལྟའི་ལུགས་བཟང་མཁའ་དབྱིངས་སྤྲིན་བྲལ་ལས། །ཐོག་མར་འདྲེན་མཛད་མཁྱེན་བརྩེའི་འོད་སྟོང་ཅན། །རབས་བརྒྱད་སྟོན་པ་དམུ་སྲས་མགོན་པོ་སོགས། །འདྲེན་པ་མཚུངས་མེད་རྣམས་ལ་ལན་བརྒྱར་བསྟོད། །ཅེས་མ… དེ་ལས་མང་།ཀླུང་རྟའི་སྐོར།

གཤེན་ཞེས་པའི་ཐ་སྙད་ལ་དཔྱད་པ།

གཤེན་ཞེས་པའི་ཐ་སྙད་ལ་དཔྱད་པ། གཡུ་འབྲུག  གཤེན་ཞེས་པའི་ཐ་སྙད་འདི་ནི་ང་ཚོ་བོད་ཀྱི་གདོད་མའི་ཆོས་ལུགས་བོན་དང་འབྲེལ་བའི་ཐ་སྙད་ཁྱད་པར་ཅན་ཞིག་ཡིན་ཏེ། གཤེན་ཞེས་པའི་ཐ་སྙད་འདི་གང་ས་གང་ནས་མཐོང་མ་ཐག་ཏུ་བོན་པོ་ཞེས་པའི་གྲུབ་མཐའ་དེ་ཡིད་ལ་མི་ཤར་རང་ཤར་དུ་གྱུར་ཡོད་པས་དེ་ནི་བོན་དང་འབྲེལ་བའི་བརྡ་ཆད་ཅིག་ཏུ་གྱུར་ཡོད་སྟབས། ཚིག་མཛོད་དག་ན་བོན་གྱི་བརྡ་ཆད་ཅིག་སྟེ་ཞེས་འགྲེལ་ཡོ… དེ་ལས་མང་།གཤེན་ཞེས་པའི་ཐ་སྙད་ལ་དཔྱད་པ།