གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མཉམ་བྲིས་སྙན་ངག

༢༠༡༧ལོའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཨང་དང་པོའི་སུམ་བཟང་བྱ་དགའ་ཐོབ་མཁན་ས་ལམ་གོང་མའི་འཛིན་གྲྭ།   ༼    མཉམ་བྲིས་སྙན་ངག  ༽   སུམ་ལྡན་ལ་བསྟོད་དབྱངས་སུ་ཕུལ། འཆད་པའི་འགྲན་ཟླ་བྲལ་བའི་སློབ་གྲོགས་ལ།། རྩོད་པའི་རྨོངས་མུན་སེལ་བའི་ཤེས་རབ་འཁྲུངས།། རྩོམ་པའི་སྙན་ཤིང་འཇེབས་པའི་ཡིད་འགུག་མཁན།། སུམ་ལྡན་སློབ་གྲོགས་ཡོངས་རྫོགས་ངོ་མཚར་ཆེ།། རྣམ་དཔྱོད་རྩོ… དེ་ལས་མང་།གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མཉམ་བྲིས་སྙན་ངག

རྗེས་དྲན་དད་པའི་མཆོད་ཕྲེང་།།

  རྗེས་དྲན་དད་པའི་མཆོད་ཕྲེང་།།   ༡ རྒྱལ་ཀུན་མཁྱེན་པའི་ཡོན་ཏན་དཔལ་རྫོགས་བླ་མའི་བླ་མ་སྨན་རི་བ།། མཆོག་གི་སྐུ་ཉིད་མངོན་དགའི་ཞིང་ན་ཡེ་ནས་གཤེགས་བཞུགས་མ་མཆིས་ཀྱང་།། རྟག་འཛིན་འབངས་རྣམས་རྗེས་སུ་བཟུང་ཕྱིར་མི་རྟག་སྒྱུ་མའི་འདུ་བྱེད་ཀྱིས།། གྱ་དགུར་བཞེས་ནས་གཟུགས་སྐུ་མཚན་དཔེ་གཞི་ཡི་ཀློང་དུ་ལྷོད་དེ་བསྡུས།། ༢ རྣམ་འདྲེན་སྟོང་གི་བོན་སྒོ་ཕྱི་ནང་ཐུགས་ཀྱི་དཔལ་… དེ་ལས་མང་།རྗེས་དྲན་དད་པའི་མཆོད་ཕྲེང་།།

མི་རྟག་སྒྱུ་མའི་ཀློང་གི་རང་གཟུགས།

  རྩོམ་པ་པོ།    ཁྲི་བློ་རྩེ། འཇིག་རྟེན་ནི་སྟོང་བའི་ཁམས་རེད།། སྣང་བ་ནི་སྒྱུ་མའི་གཟུགས་རེད།། རྟག་སྣང་གི་མཐའ་ན་རྩེན་པའི།། ཚོར་མེད་ཀྱི་ཀློང་ན་ལྷགས་ཡོད།། ལྟ་བ་འདི་བློ་ལས་འདས་པ།། རྒྱལ་བ་ཀུན་དགོངས་པ་མཐུན་ཀྱང་།། བསམ་མེད་ཀྱི་སྨྱོན་པ་འགའ་ཡང་།། ཁོ་བོ་དང་ལྷན་ཅིག་གནས་ཡོད།། སྔོན་བསགས་ཀྱི་དགེ་བའི་ལས་དེས།། དམ་པ་ཡི་དྲུང་དུ་བཞག་ཡོད།། བརྩོན་སེམས་ཀྱི་དམ་བཅའ་ལྷོད་… དེ་ལས་མང་།མི་རྟག་སྒྱུ་མའི་ཀློང་གི་རང་གཟུགས།

ཀུན་འཁོར་ལྷ་གཤེན་མཆོད་པའི་དབྱངས།

— «སྙན་གཞུང་ཤེལ་གྱི་མེ་ལོང»གི་རྩོམ་རྒྱུགས་ཕུལ་བའི་སྐོར། དེ་ཡང་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་འཛིན་གྲྭ་གོང་མས་བཏོན་པའི་སྒྲ་ཡི་ཀུན་བཟང་འཁོར་ལོ་ལྷ་གཤེན་མཆོད་པའི་དབྱངས་ཞེས་པ་འདི་ནི། ཞང་བོད་ཀྱི་གྲུབ་སྒྱུར་ཆེན་པོ་གཙང་གཤེན་པི་ཝང་ཅན་པ་ཞེས་སྨྲ་དབང་ཚོགས་པའི་སྤྱི་བོའི་གཙུག་རྒྱན་གྱི་ཅོད་པན་མཐོན་པོར་ཞབས་ཀྱི་པདྨོ་ངལ་གསོ་ཐོབ་པའི་བདག་ཉིད་ཅན་གང་ལ་མཚོ་བྱུང་ཚང… དེ་ལས་མང་།ཀུན་འཁོར་ལྷ་གཤེན་མཆོད་པའི་དབྱངས།

གདོད་མའི་སྙན་ངག་ཅིག་གི་རོལ་དབྱངས།

རྩོམ་པ་པོ།  བོན་ནག་ཚང་ཡེ་ཤེས་བློ་གྲོས། སྟོད་ཕྱོགས་ཀྱི་ཞང་ཞུང་ན།། གངས་རྒན་གྱི་ཏི་སེ་མཆིས།། སྤོས་རི་ནི་ལྷོད་ཀྱིས་འགྱིང་།། མ་ཕམ་ནི་ངང་གིས་འཁྱིལ།། དམུ་གཤེན་གྱི་རུས་རྒྱུད་འདི།། བྱ་ཁྱུང་གི་གདུང་ལས་གྲོལ།། གྱེར་གཞུང་གི་ཤེས་རབ་དེ།། གཏོ་སེལ་གྱི་རྨང་ལས་བྱུང་།། སྟོན་པ་ནི་གཤེན་རབ་སྟེ།། བོན་སྒོ་ནི་བརྒྱད་ཁྲི་གསུངས།། ཤེས་རིག་གི་མངའ་ཐང་འདི།། ཞང་ཞུང་གི་ཡུལ་ནས་དར།།

རིན་ཆེན་རྡོ་ལ་ཕོག་པའི་ཆག་སྒྲ།

  རིན་ཆེན་རྡོ་ལ་ཕོག་པའི་ཆག་སྒྲ།            རྗེས་དྲན།               སྐྱིད་སྲས་དགེ་ལེགས་ཉི་མ། (སྨན་རིའི་གླིང་།) སྐྱེས་ནས་འཆི་བའི་རང་བཞིན་ཡིན་ཞེས་དུད་དྲེག་གླེགས་བམ་གསེང་ན་གཟིམ།། མི་རྟག་སྟོན་པའི་སློབ་དཔོན་དེ་ཡང་ཉེ་དུ་བྲལ་བའི་གཤིས་ན་གྲུབ།། རྩྭ་མགོ་བསིལ་བའི་སྲོག་གི་དཔེ་མཚོན་རིང་ནས་ཡིད་ཆེས་མེད་མོད་ཀྱང་།། མྱོང་ནས་འཆི་བའི་སྐད་ཅིག་དེ་ཡིས་སེམས་ཀྱི་དྲི་རྟ… དེ་ལས་མང་།རིན་ཆེན་རྡོ་ལ་ཕོག་པའི་ཆག་སྒྲ།

དགུང་གྲངས་བརྒྱད་ཅུར་ཕེབས་པའི་མཛད་སྒོ་ལ་ཆེད་དུ་ཕུལ་བ།

ངེས་དོན་གྱི་བཤེས་གཉེན་དམ་པ་སྡེ་སྣོད་སྨྲ་བའི་ཁྱུ་མཆོག་ཆེན་མོ་༧རྗེ་བོན་བརྒྱ་ ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་མོའི་རྟོགས་བརྗོད་ཨུན་ཆེན་ དར་མའི་སྒྲ་དབྱངས་ཞེས་བྱ་བ། མར་ནང་ཚང་ཁྲི་གཡུང་དྲུང་། དྲི་བྲལ་ཟག་མེད་ཤེལ་དཀར་མདོག་འཆང་མཚན་དཔེའི་མེ་ཏོག་རྣམ་པར་བཀྲ། ། བཅུ་གསུམ་རྒྱན་གྱིས་རབ་ཏུ་བརྒྱན་པའི་ཟོལ་གྱིས་འགྱིང་པའི་སྒེག་ལྡན་མ། ། བློ་གྲོས་རིག་པའི་གཏེར་གྱི་མཛོད་འཛིན་ང… དེ་ལས་མང་།དགུང་གྲངས་བརྒྱད་ཅུར་ཕེབས་པའི་མཛད་སྒོ་ལ་ཆེད་དུ་ཕུལ་བ།

ཕྲོམ་ཡུལ་ནས་མཆེད་པའི་གཡུང་དྲུང་གི་བསྭོ་སྒྲ།

  ༡༽​ གཡུང་དྲུང་སྐུ་བརྙེས་རྣམ་འདྲེན་བརྒྱད་པ་སྟོན་པ་བླ་མེད་ཐོད་དཀར་སྲས།། གཡུང་དྲུང་བསྟན་པ་མདོ་སྔགས་སེམས་གསུམ་སྐྱོབས་པ་བླ་མེད་འཕྲུལ་ངག་བོན།། གཡུང་དྲུང་བསྟན་འཛིན་ཐེག་གསུམ་གཤེན་རབ་འདྲེན་པ་བླ་མེད་ཚོགས་དང་བཅས།། གཡུང་དྲུང་བསྟན་སྲོག་འཛིན་པ་རྩ་རྒྱུད་དཔོན་གསས་བླ་མས་ཤིས་པ་སྩོལ།། ༢༽​ མདོ་གམ་སྨད་ཀྱི་ས་འཛིན་རྨ་ཆེན་པོམ་རའི་འཛུམ་ཞལ་འཕྲོ་བའི་ཞིང་།། གནམ་སྔོན་ཐང… དེ་ལས་མང་།ཕྲོམ་ཡུལ་ནས་མཆེད་པའི་གཡུང་དྲུང་གི་བསྭོ་སྒྲ།

རིན་ཐང་གིས་ལྕི་བའི་གསེར་ནག་གི་ཕ་བོང་།

 སྐྱིད་སྲས་དགེ་ལེགས་ཉི་མ།    ( སྨན་རིའི་གླིང་།)  ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ལས་སྤྲུལ་བའི་བྱ་རྒྱལ་ཁྱུང་ཆེན་གསུམ།། མེ་ཏོག་གླིང་ལ་དལ་ཅིག་བབས་ནས་སླར་ཡང་མཁའ་ལ་གཤེགས་པའི་ཤུལ།། སྦར་མོའི་དྲོད་ལས་སྲིད་པའི་ཁྱུང་སྒོང་དཀར་ནག་སེར་གསུམ་ཆགས་པའི་རྟེན།། ཁྱུང་དཀར་ཐོག་ལ་འབར་གྱི་རྒྱུད་འཛིན་རིག་འཛིན་ཚོགས་ཀྱིས་ཤིས་པ་སྩོལ།།

ཤིས་སྨོན་གཏེར་གྱི་ཚོམ་བུ།

    འཛམ་གླིང་མཁས་པའི་གཙུག་རྒྱན་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དཔལ༧དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དགུང་གྲངས་བརྒྱད་ཅུ་བཞེས་པའི་དུས་སྟོན་གྱི་མཛད་སྒོ་ལ་རི་བོ་ཧི་མ་ཡའི་ཉེ་འཁོར་དུ་གནས་པའི་བླ་སྤྲུལ་དང་མཁན་སློབ་རྒྱལ་ཁབ་ཕྱི་ནང་ཀུན་གྱི་མཁས་དབང་རྣམས་ཀྱིས་རིན་པོ་ཆེ་ཁོང་ལ་ཤིས་སྨོན་བསྔགས་བརྗོད་ཀྱི་སྙན་ཚིག་གིས་གནམ་ས་བར་སྣང་འགེངས་པ་ཞིག་ཕུལ་ཡོད་པས་<ཤིས་སྨོན་གཡུང་ད… དེ་ལས་མང་།ཤིས་སྨོན་གཏེར་གྱི་ཚོམ་བུ།