ང་ཡི་བླ་མ། བོན་བརྒྱ་བ།

                                         ཚིག/མང་བུ།                     དབྱངས/ ཤེར་བྷ། གཞས་པ/ ཤེར་བྷ། རོལ་མོ་སྒྲིག་བཟོ་བ། ཤེར་བྷ།

བོད་མེ་མོ་བྱ་ལོའི་ལོ་སར་ལེགས་སྐྱེས། རྡུང་ལེན།

དུས་ཀྱི་སྟོན་པ་བོན་བརྒྱ་བ།། གཞས་ཚིག རེབ་སྐྱིད་ཡར་འཕེལ། གཞས་གདངས། དམངས་ཁྲོད། གཞས་པ། རྣམ་རྒྱལ། གླུ་སྙན་མོའི་མཆོད་པ་དགུང་ལ་བླངས།། དགུང་ཨ་སྔོན་དཀྱིལ་གྱི་ཉི་མར་འབུལ།། གནས་འཇིག་རྟེན་ཡོངས་ཀྱི་མུན་པ་སེལ།། མ་སེམས་ཅན་དད་ལྡན་འགྲོ་བ་རྣམས།། ཕྱག་དད་པའི་མཆོད་པ་མ་ཆད་དང་།། ངའི་བླ་མའི་གཟི་བྱིན་འདི་མོ་ཡིན།། གླུ་སྙན་མོའི་མཆོད་པ་སྤྲིན་ལ་བླངས།། སྤྲིན་དཀར་པོ་དཀྱིལ་གྱི་འབྲུག་ལ་འབུལ།། ཆུ་ཆར་བའི་སྐོམ་གདུང་སེལ་ནས་ཡོད།། མ་སེམས་ཅན་དད་ལྡན་བོན་འབངས་རྣམས།

རེབ་གོང་བོན་མང་དྲ་ཚིགས་ཀྱིས་གནམ་ལོ་གསར་བར་ཕུལ་བའི་ལེགས་སྐྱེས་གཞས་གསར།

ཐུགས་བརྩེ་བའི་ལམ་སྟོན་འགྲོ་ལ་གནོངས། ། གཞས་ཚིག  རེབ་སྐྱིད་ཡར་འཕེལ། དབྱངས།  པདྨ་གཡུང་ལྷུན། གཞས་པ། སྟག་ལྷ་ཚེ་རིང་། ཚེ་འདི་ཕྱི་གང་གི་སྐྱབས་མགོན་མཆོག ། རྗེ་བླ་མ་མཁས་གྲུབ་བོན་བརྒྱ་བ། ། དགོན་སྨན་རི་བཤད་སྒྲུབ་སྨིན་གླིང་ནས། ། ཐུགས་བརྩེ་བའི་ལམ་སྟོན་འགྲོ་ལ་གནོངས། ། ལོ་གསུམ་གྱི་སྒྲུབ་གྲྭའི་རྒྱན་པ་དེ། ། དགོན་བྱིན་ལྡན་སྨན་རི་དགོན་ཆེན་ཡིན། ། གསུང་སྨོན་ལམ་ཆེན་པོའི་སྐྱབས་འོག་ནས། ། ཉམས་ཆུང་བའི་ང་ཚོ་མི་འདོར་མཁྱེན། ། གནས་འཛམ་གླིང་མཁས་པའི་གྲགས་ཆེན་པོ། ། རྗེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ལགས། ། ཁྱེད་རླུངས་རྟ་དར་བའི་སྲིད་རྩེ་ནས། ། ཁྱེད་སྐུ་ཚེ་བརྟན་པའི་་སྨོན་ལམ་འདེབས། །

རྗེ་བླ་མའི་འཁྲུངས་སྐར་བསུ།

ཚིག  དུང་དཀར་ནམ་མཁའ། གཞས་གདངས།   ཕུར་བ་སྐྱབས། གཞས་པ།   ཕུར་བ་སྐྱབས། སྒྲ་ལེན་པ།  ཤེས་རབ་གཅོད་པ།

ཨ་མདོ་ཤར་ཁོག

༢༠༡༣ལོར་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དགའ་མལ་དགོན་ཆེན་དུ་གཡུང་དྲུང་བོན་དང་འབྲེལ་བའི་ཚོགས་ཆེན་གསུམ་ལྷན་འཚོགས་ཀྱི་ཆེད་བསྒྲིགས་(གཤེན་བསྟན་འོད་སྣང་)ལས་བཤུས་པའི་གླུ་གཞས་བདམས་བཀོད། ༽ ཚིག་རྩོམ་མཁན། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན། དབྱངས་རྩོམ་མཁན། རྔ་ལྗོངས་ཁུ་བྱུག་གྲགས་བྷེ། ལེན་མཁན། རྔ་ལྗོངས་ཁུ་བྱུག་གྲགས་བྷེ། སྒྲིག་སྦྱོར་བ། རིན་སྤུངས་ཚུལ་བསྟན་དང་རྔ་བཟའ་ནོར་བུ།

ལྷ་ཀླུ་མི་གཤེན་དགྱེས་པའི་བཤད་པ་དུང་གི་སྒྲ་དབྱངས།

ལྷ་ཀླུ་མི་གཤེན་དགྱེས་པའི་བཤད་པ་གཡས་འཁྱིལ་དུང་གི་སྒྲ་དབྱངས།               ཁྱུང་དཀར་ཟླ་བ། ༄༅། །མཆོད་ཨཱོྃ་ཨ་ཧཱུཾཿ མཆོད་ཨཱོྃ་ཨ་ཧཱུཾཿ མཆོད་ཨཱོྃ་ཨ་ཧཱུཾཿ ༧ ཡ་ད། དེ་རིང་དགུང་སྔོན་གནམ་ལ་བལྟས་ན། དགུང་སྔོན་པོའི་དབྱིངས་ནས་ཉི་ཟླ་ཤར་ཚུལ་ཡག་གི། སྟོང་བ་བར་སྣང་ཁམས་ལ་བལྟས་ན། བར་ན་གཟའ་སྐར་གྱི་རྒྱུ་བ་བཟང་གི། དོག་མོ་ས་ཡི་གཞི་ལ་བལྟས་ན། ས་དོག་མོ་འདིའི་དུས་འགྱུར་ཡག་ནོ། འཛོམས་གསུམ་འཛོམས་པའི་སྐལ་བ་བཟང་པོ་འདི་ལ། ངས་མཆོད་གསུམ་གྱི་མཆོད་ཁ་དང་པོ་མི་མངོན་པའི་དབྱིངས་ལ་མཆོད་དགོས་ཀི། བོན་སྐུ་ཀུན་ཏུ་བཟང་པོ་མཆོད། རྫོགས་སྐུ་གཤེན་ལྷ་འོད་དཀར་མཆོད། སྤྲུལ་སྐུ་གཤེན་རབ་མི་བོ་མཆོད། མ་ཅིག་བྱམས་ཆེན་ལྷ་མོ་མཆོད། བླ་མ་ཡི་དམ་མཁའ་འགྲོ་མཆོད། དམ་ཅན་བོན་སྐྱོང་སྲུང་མ་མཆོད། ཡུལ་ལྷ་གཏེར་བད… དེ་ལས་མང་།ལྷ་ཀླུ་མི་གཤེན་དགྱེས་པའི་བཤད་པ་དུང་གི་སྒྲ་དབྱངས།

རིག་འཛིན་བླ་མ་དགྱེས་པའི་མཆོད་སྤྲིན།

ཡུལ་མདོ་སྨད་བྱང་ཁའི་སྐྱབས་མགོན་ཆེན་མོ་༧མཁས་གྲུབ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དགུང་གྲངས་བརྒྱད་ཅུར་བཞེས་པའི་རྟེན་འབྲེལ་གྱི་རིག་རྩལ་སྤྲོ་ཚོགས་ཆེན་མོ<རིག་འཛིན་བླ་མ་དགྱེས་པའི་མཆོད་སྤྲིན།>རེབ་གོང་བོན་མང་དྲ་ཚིགས་ལས་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པའི་འོད་སྡེར་ཐོག་མ།

རྒྱ་འོབས་རིན་པོ་ཆེ་རྗེས་དྲན་གྱི་གཞས་དབྱངས།

སྐུ་གསུང་ཐུགས་ཀྱི་ཉི་མ་རྒྱང་ལ་བཞུད།། འདི་དང་འཇལ་བའི་གོ་སྐབས་སྙིང་ནས་དྲན།། དེ་རིང་ཉམས་ཆུང་བུ་ངས་དྲན་ཐེངས་རེར།། མིག་ཆུ་གཙང་བོ་རྒྱུན་དང་འགྲོགས་ནས་སོང་།།

བརྒྱད་ཅུའི་ཕྱིར་མིག་ཀློང་གི་རིན་ཐང་།

ཡུལ་མདོ་སྨད་བྱང་ཁའི་སྐྱབས་མགོན་ཆེན་མོ་༧མཁས་གྲུབ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དགུང་གྲངས་བརྒྱད་ཅུར་བཞེས་པའི་རྟེན་འབྲེལ་གྱི་མཛད་སྒོར་རེབ་གོང་བོན་མང་གི་དད་ལྡན་མང་ཚོགས་རྣམས་ཀྱིས་སྐུ་གསུང་ཐུགས་རྟེན་དང་ཕྱག་བསྐོར་གྱི་མཆོད་པ་རྒྱ་ཆེར་འབུལ་བ་དང་ལྷན་གླུ་ངག་མཆོད་པ་ཡང་ཉིན་བཞིའི་རིང་ལ་ཤོག་ཁ་རེ་རེ་བྱས་ནས་ཕུལ་བ་ཡིན་པས། འདི་ནི་ཉིན་དང་པོའི་གླུ་ངག་མཆོད་པ་ལས་སྙན་ངག་གྱེར་འདོན་གྱི་མཆོད་པ་ཞིག་ཡིན། བརྒྱད་ཅུའི་ཕྱིར་མིག་ཀློང་གི་རིན་ཐང་། སྙན་ངག་གྱེར་འདོན། ཚིག  སྐྱིད་སྲས་དགེ་ལེགས་ཉི་མ།     གྱེར་མཁན།   བསོད་ནམས་རྒྱལ་མཚན།

སྐུ་མི་འགྱུར་གཡུང་དྲུང་ཁམས་སུ་བརྟན།

བོན་གཞས་འདི་ནི་རེབ་གོང་གི་ཡར་ནང་བོན་སྡེ་ཁ་གསུམ་ལས་བོན་བརྒྱ་སྡེ་བའི་ལོ་གསར་སྤྲོ་ཚོགས་ལས་བཏུས་པ་ཡིན། རྡུང་ལེན། སྐུ་མི་འགྱུར་གཡུང་དྲུང་ཁམས་སུ་བརྟན། ཚིག  ཚུལ་ཁྲིམས་བསྟན་པ་འབྲུག་གྲགས། དབྱངས།  དགའ་ལྡན། ལེན་མཁན།  ཚེ་དབང་ཐར་།