བོན་བསྟན་ཕྱི་དར་སྐབས་བོན་གྱི་གྲྭ་ས་གཙོ་བོ་ག་རེ་ཡིན་ནམ།

   བསྟན་པ་ཕྱི་དར་སྐབས་དང་ཐོག་བྲུ་ཞུ་སྤ་རྨེའུ་གཤེན་ལྔའི་གྲྭ་ས་ཡ་བཞི་ཟུང་བརྒྱད་ཡོད་པའི་ཡ་བཞི་ནི།  བྲུའི་གདན་ས་གཙོ་བོ་གཡས་རུ་དབེན་ས་ཁ་དང་།   ཞུའི་གདན་ས་དབང་ལྡན་ལྷུན་གྲུབ་སྒང་།  སྤའི་གདན་ས་ལ་ཕུགས། རྨེའུའི་གདན་ས་དཔལ་ལྡན་བཟང་པོ་རི་དང་བཞིའོ།། དེ་སྟེང་གཤེན་གྱི་གདན་ས་འཇེད་དར་ལྡིང་དང་ཁྲི་བརྟན་ནོར་བུ་རྩེ།  ཕྱིས་བོན་གྱི་གྲྭ་ས་གོང་མ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་ཕྱག་བཏབ་པ་གཙང་བཀྲ་ཤིས་སྨན་རི་དགོན།   གྲྭ་ས་བར་མ་འགྲོ་མགོན་ཤེས་རབ་གཡུང་དྲུང་གིས་ཕྱག་བཏབ་པ་མཁར་སྣ་བསམ་བརྟན་གླིང་།  གྲྭ་ས་འོག་མ་སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས་ཕྱག་བཏབ་པ་རབ་ལེགས་གཡུང་དྲུང་གླིང་བཅས་བརྒྱད་དོ།། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

བོན་བསྟན་སྔ་དར་སྐབས་བོན་པོའི་གྲྭ་ས་གཙོ་བོ་ག་རེ་ཡིན་ནམ།

   བསྟན་པ་སྔ་དར་ཐོག་མར་ཞང་ཞུང་གི་ཡུལ་དུ་འདུལ་བསྟན་དར་ཞིང་རྒྱས་སྐབས་མཁན་པོ་རྫུ་འཕྲུལ་ཡེ་ཤེས་དང་།   དེའི་མཁན་བུ་ཡེ་ཤེས་ཚུལ་ཁྲིམས་བླ་སློབ་གཉིས་ཀྱིས་ཕྱག་བཏབ་པ་སྤོས་རི་ངད་ལྡན་གྱི་ཤར་རྒྱུད་ལ་ཡོད་པའི་དྲུང་མུ་ལྷ་རྩེའི་ལྷ་སྡེ་ཆེན་པོ་དང་།  གཡུང་དྲུང་ཚུལ་ཁྲིམས་ཀྱིས་ཕྱག་བཏབ་པ་མཚོ་མ་པང་(བོན་གཞུང་དུ་མཚོ་མ་ཕམ་ལ་མཚོ་མ་པང་ཟེར་སྲོལ་ཡོད)གི་ཤར་ངོས་ལ་ཡོད་པའི་གཡུང་དྲུང་ལྷ་རྩེའི་འདུས་སྡེ་ཆེན་པོ། 

བོན་བསྟན་སྔ་དར་དང་ཕྱི་དར་ཟེར་བ་ག་འདྲ་ཡིན་ནམ།

      དེ་ལ་འདུལ་བསྟན་དང་། སྔགས་བསྟན་གཉིས་ཡོད་པའི་འདུལ་བསྟན་སྔ་དར་ནི་སྟག་གཟིག་གི་མཁན་བརྒྱུད་རྫུ་འཕྲུལ་ཡེ་ཤེས་སྟག་གཟིག་ནས་ཞང་ཞུང་དུ་ཕེབས་པ་ནས་བཟུང་བོད་རྒྱལ་དིང་ཁྲི་བཙན་པོ་དང་དུས་མཚུངས་མུ་ཟི་གསལ་བཟང་འགོག་པར་མ་བཞུགས་པའི་བར་དུ་ཡིན།  ཕྱི་དར་ནི་མུ་ཟི་གསལ་བཟང་འགོག་པར་ལོ་སྟོང་དང་བརྒྱད་བརྒྱར་བཞུགས་ཏེ་སླར་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་ལ་དྲང་སོང་གཅིག་རྫོགས་གནང་བ་ནས་བཟུང་འདུལ་བསྟན་ཕྱི་དར་འགོ་ཚུགས་པའོ།།

བོན་བསྟན་འབྱུང་ཡུལ་ཞང་ཞུང་སྒོ་ཕུགས་བར་གསུམ་ངོས་འཛིན་སྟངས་ག་འདྲ་ཡིན་ནམ།

    བོན་གཞུང་ཁག་ནང་ཞང་ཞུང་སྒོ་ཕུགས་བར་གསུམ་ངོས་འཛིན་སྟངས་མི་འདྲ་བ་ཁ་ཤས་ཡོད་ཀྱང་།   ཡོངས་གྲགས་ལ་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་རྟག་གཟིགས་འོལ་མོ་ལུང་རིང་ལ་ཞང་ཞུང་ཕུགས་པ་དང་།  རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་གདན་ས་རྒྱལ་མཁར་བར་ཆོད་པ་ལ་ཞང་ཞུང་བར་པ།   སྟོད་ཁྱུང་ལུང་དངུལ་མཁར་སྐོར་བཅས་ལ་ཞང་ཞུང་སྒོ་པ་ཞེས་འབོད།  ཞང་ཞུང་སྒོ་པ་ལའང་སྒོ་ཕུགས་བ་གསུམ་བརྩི་སྐབས་སྟོད་ཁྱུང་ལུང་དངུལ་མཁར་སྐོར་བཅས་ལ་ཕུགས་པ་དང་། 

རིག་པའི་གཞུང་ལུགས་ཁག་གི་རྩ་བ་ཡི་གེའི་སྲོལ་གཏོད་མཁན་སུ་ཡིན་ནམ།

   ཡི་གེའི་སྲོལ་ཐོག་མར་སྟོན་པ་གཤེན་རབ་མི་བོས་ཕྱེས་པ་ཡིན་ཏེ།  མདོ་གཟེར་མིག་ལས།  “སྟོན་པ་གཤེན་རབ་མི་བོ་ཡིས།།  དཔའ་བོ་འབྲུ་ལྔའི་ས་བོན་ལས།།  ཡིག་འབྲུ་སུམ་བརྒྱ་རྩ་བརྒྱད་སྤེལ།།  རིན་ཆེན་སྣ་ལྔའི་གླེགས་བམ་ལ།།  སྒོ་བཞི་མཛོད་ལྔའི་བོན་སྡེ་བྲིས”ཞེས་དང་།  “ཡིག་འབྲུ་སུམ་ཅུས་བོན་གྱི་ཁོག་པ་དབུབ།།  འགོ་ཡིས་ལམ་དྲངས་ཤད་ཀྱིས་མདོ་ཡང་བཅད།།  ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས།།  གུག་འགྲེང་ན་རོ་ཞབས་འཁྱུད་ཡ་ར་ལྟ།། 

སྟོན་པ་གཤེན་རབ་ཀྱིས་རིག་པའི་གཞུང་ལུགས་ཁག་གཏན་འབེབས་ག་རེ་གནང་ཡོད་དམ།

ཁོང་གིས་སྤྱིར་རིག་པའི་གཞུང་ལུགས་གཙོ་བོར་བཟོ་རིག་པ་དང་།  སྒྲ་རིག་པ། གསོ་བ་རིག་པ།  ཕྱི་རིག་པ། ནང་རིག་པ་བཅས་རིག་པའི་གནས་ཆེན་ལྔ་གཏན་ལ་ཕབ་སྟེ་གནས་ཆེན་རེ་རེའི་གཞུང་ལུགས་གཙོ་བོ་འབུམ་སྡེ་གསུམ་རེ་སློབ་མ་སོ་སོར་གཉེར་གཏད་མཛད་ཡོད་པ་ཡིན།  ཐོག་མར་བཟོ་རིག་པའི་འབུམ་སྡེ་གསུམ་ནི།  བསྐལ་བ་སྣང་སྲིད་འཁོར་ལོ་འབུམ།   སྲིད་པ་མིའུ་རྒྱུད་ཀྱི་འབུམ། འབྱུང་བ་ཆགས་གནས་འཇིག་སྟོང་འབུམ་དང་གསུམ་དེ་བཟོ་རྒྱལ་གར་མ་ལི་ཤོ་ལ་གཉེར་དུ་གཏད། 

སྟོན་པ་གཤེན་རབ་བྱོན་ནས་ད་བར་ཞང་བོད་ཤེས་རིག་ལོ་རྒྱུས་ཀྱི་དུས་རིམ་གཙོ་བོ་ག་རེ་ཡིན་ནམ།

དྲང་བདེན་གྱི་ལམ་ནས་ཞང་བོད་ཤེས་རིག་ལོ་རྒྱུས་ཀྱི་དུས་རིམ་ལ་བསམ་ཞིབ་གནང་ན། སྟོན་པ་གཤེན་རབ་བྱོན་ནས་བཟུང་བོད་རྒྱལ་གཉའ་ཁྲི་བཙན་པོ་མ་བྱོན་གོང་གི་དུས་རིམ་དང་།  གཉའ་ཁྲི་ནས་བཟུང་སྲོང་བཙན་སྒམ་པོའི་བར་བོད་རྒྱལ་སོ་གཉིས་ཀྱི་དུས་རིམ་དང་། སྲོང་བཙན་ནས་བཟུང་ད་ལྟའི་བར་གྱི་དུས་རིམ་ཆེན་པོ་དེ་གསུམ་ཞང་བོད་ཤེས་རིག་ལོ་རྒྱུས་གང་གི་སྐབས་སུ་གཞི་རྩར་མི་འཛིན་ཀ་མེད་ཅིག་རེད། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

བོན་ཐེག་པ་རིམ་དགུ་གསུངས་དོན་དང་དེའི་དབྱེ་བ་ག་ཚོད་ཡོད་དམ།

    སངས་རྒྱས་ཀྱིས་བོན་གསུངས་ཚད་ཐམས་ཅད་གདུལ་བྱའི་སེམས་ཁམས་དང་བསྟུན་པ་ཤ་སྟག་ཡིན་པར་བརྟེན་འགྲོ་བ་རྣམས་ཀྱི་མ་རིག་འཁྲུལ་བློ་དགུའི་གཉེན་པོའམ་གདུལ་བྱའི་བློ་སྟོབས་རབ་འབྲིང་ཐ་གསུམ་ལ་བལྟོས་ཏེ་བོན་ཐེག་པ་རིམ་དགུ་གསུངས། 

སྟོན་མཆོག་གཤེན་རབ་ཀྱིས་སེམས་བསྐྱེད་དང་སྙིང་རྗེ་གཞི་རྩ་འཛིན་དགོས་དོན་གང་ཡིན་ནམ།

   ཁོང་གིས“ཐམས་ཅད་ཀུན་གྱི་ས་བོན་རིན་ཆེན་སེམས”ཡིན་གསུངས་པ་ལྟར་སྤྱིར་ལས་བཟང་ངན་དང་དགེ་བ་དང་སྡིག་པ་ཟེར་བ་གཙོ་བོར་བསམ་སྦྱོར་བཟང་ངན་གྱི་སྒོ་ནས་བྱུང་བའི་གནད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སྟོན་པས“བསམ་པ་བཟང་པོ་གསེར་ལྟར་འཆང”ཞེས་གསུངས་པ་དང་། “བསྟན་པའི་ལས་ནི་སྙིང་རྗེ་ཡིན”ཞེས་དམིགས་སུ་བཀར་ནས་གསུངས་པར་བརྟེན་སེམས་ཅན་ཐམས་ཅད་བདེ་བར་འཕྲད་འདོད་ཀྱི་བྱམས་པ་དང་།  སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ་ནི་རང་བས་གཞན་གཅེས་རྒྱས་སྲས་འཕགས་པའི་དགོངས་དཔྱོད་ཁྱད་པར་ཅན་ཡིན་པས་ན་བསམ་པ་བཟང་པོའི་སེམས་བསྐྱེད་དང་། སྙིང་རྗེ་ཆེན་པོ་འདི་གཉིས་སངས་རྒྱས་ཀྱི་བསྟན་པའི་གཞི་རྩར་ཁ་བྲལ་ཐབས་མེད་པའི་གནད་ཀྱིས་ཡིན་ནོ།། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས།

འདུལ་བ་དང་གསང་སྔགས་རྫོགས་ཆེན་གསུམ་གྱི་བརྒྱུད་པ་སོ་སོའི་བླ་མ་གཙོ་བོར་ག་འདྲ་བྱོན་ཡོད་དམ།

   དང་པོ་འདུལ་བརྒྱུད་ནི་སྟོན་པ་ཁྲི་གཙུག་རྒྱལ་བ་ནས་བཟུང་གཙུག་གཤེན་རྒྱལ་བ་དང་།  རང་སྲོང་རྒྱལ་བ།  གཙུག་སྲས་རྨ་བོ།  ཁྲི་ལྡེ་གུང་གྲགས།  མུ་ཆོ་ལྡེམ་དྲུག་སོགས་སྤྲུལ་སྐུའི་མཁན་བརྒྱུད་དང་།  དམུ་ཚ་ཏྲ་ཧེ།  ཁྲི་ལྡེ་འོད་པོ།  ལྷང་ལྷང་གཙུག་ཕུད།  དང་བ་ཡིད་རིང་།  ཐུགས་དཀར་ཡེ་ཤེས།  གུང་རུམ་ཡེ་ཤེས།  འོད་ལྷ་གསལ་འབར།  རྫུ་འཕྲུལ་ཡེ་ཤེས་སོགས་སྟག་གཟིག་གི་མཁན་བརྒྱུད་དང་།