ཞང་ཞུང་མེས་པོའི་ཐུན་མིན་གྱི་ཕྱག་ཆ་སིལ་སྙན་གླེང་བ།

ཞང་ཞུང་མེས་པོའི་ཐུན་མིན་གྱི་ཕྱག་ཆ་སིལ་སྙན་གླེང་བ། རྩོམ་པ་པོ། ཁྲི་བདེ་མཆོག  རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས། སྙན་རྒུ་དབྱངས་ཀྱི་ངོ་མཚར་དཔལ་ཀུན་རྫོགས།། གཤེན་རྒུའི་ཐུན་མིན་ཕྱག་ཆ་སིལ་སྙན་གྱི།། བཟང་རྒུའི་ཡོན་ཏན་ཚུལ་བཞིན་བརྗོད་དཀའ་ཡང༌།། ཕན་རྒུའི་ལྷག་བསམ་ཀློང་ནས་ཐོད་ཀྱིས་སྤྲོ།།                   དེ་ཡང་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་ཕྱག་ཆ་སིལ་སྙན་ཞེས་པ་ནི།  རྒྱལ་བ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལ་མཚོན་བྱེད་ཀྱི་ཕྱག་ཆ་ལྔ་ཡོད་པས་དེ་ལས་སིལ་སྙན་ནི་སྐུ་ཡི་ཕྱག་ཆ་ལགས་ཤིང་རྒྱུ་ཆ་ཡང་རིན་ཆེན་གསེར་དང་དངུལ། ལི་སོགས་བསྲེས་པ་ལས་བྱུང་བའི་གླང་རེ་གཤང་ཆེན་དང༌། ཁྲི་ལོ་གནམ་གྲགས་ཁོལ་མོ་སིལ་སྙན་གྱི་རིགས་གསུམ་དུ་ངེས་ཤིང་དར་ཁྱབ་ཀྱིས་དབང་དུ་བྱས་… དེ་ལས་མང་།ཞང་ཞུང་མེས་པོའི་ཐུན་མིན་གྱི་ཕྱག་ཆ་སིལ་སྙན་གླེང་བ།

སྟོང་རྒྱུང་གི་གྲི་མདུད་དང་གཤེན་ཀླུ་དགའི་ཕྱག་སིལ་བཞུགས།

  རྩ་གསུམ་བདག་ཉིད་བླ་མའི་དཀྱིལ་འཁོར་ཤར། །ཀློང་དགུའི་ཡི་དམ་ཞི་རྒྱས་དབང་དྲག་ལྷ། །གནས་གསུམ་ཞིང་སྐྱོང་མ་སྲིང་མཁའ་འགྲོ་ཡི། །དམ་ཅན་ལྷ་དང་སྲུང་མས་ཤིས་པ་སྩོལ། ། ཞེས་མཆོད་བརྗོད་པདྨ་དཀར་པོས་མདུན་བསུས་ཏེ་གླེང་བར་བྱ་བ་ནི།

སྔགས་ཆས་ཕུར་བུའི་ངོ་སྤྲོད་རགས་བསྡུས།

    ཕུར་བའི་རྒྱུ་ནི། ཕུར་བའི་རྒྱུད་ལས། ཞི་བ་དུང་ཤེལ་རྒྱ་ཤུག་དཀར་པོ་དང་། རྒྱས་པ་གསེར་རམ་ར་གན་སྟག་པ་ཤིང་། ། དབང་ལ་ཟངས་སམ་སེང་ལྡིང་ཙནྟ་དམར། ། མངོན་སྤྱོད་དྲི་ལྕགས་ཚེར་ནག་སྐྱེར་ཚེར་དུག ། ཅེས་པའོ།། ཆགས་ཚད་ནི། ཕུར་བའི་འགྲེལ་ཆུང་ལས། བསྙེན་བསྒྲུབ་ལས་ཀྱི་ཕུར་བུ་ནི། །

སྔགས་ཆས་ཁ་ཊཾ་གི་ངོ་སྤྲོད་རགས་བསྡུས།

   ཁ་ཊཾ་ཀའི་བྱ་ཚུལ་ནི། རྣལ་འབྱོར་གྱི་རྒྱུད་ལས། ཐབས་ཤེས་ཕྱག་རྒྱ་རང་སྣང་འཁོར་ལོ་བསྒྱུར། ། དངོས་མེད་དངོས་མཚན་བདེ་སྟོང་ཁ་ཊཾ་ཀ། ། འདོམ་གྲུ་མཐོ་ལྡན་བུམ་པ་རྒྱ་གྲམ་སྟེང་། ། རློམ་སྙིང་སྐམ་པོ་མགོ་ལ་རྩེ་གསུམ་བྱ། ། ཞེས་དང་། ཁ་ཊཾ་ཀའི་ལྷའི་སྐུ་བདེ་བ་ཆེན་པོའི་རང་བཞིན་དངོས་པོ་དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་དབྱེར་མེད་མ་མཆིས་པའི་དངོས་ནི།

སྔགས་ཆས་ཌཱ་མ་རུའི་ངོ་སྤྲོད་རགས་བསྡུས།

       ཌཱ་མ་རུའི་རྒྱུ་ནི། རྒྱུད་རྫུ་འཕྲུལ་དྲ་བ་ལས། ཌཱ་མ་རུ་ཅང་ཏེའུ་མཚན་ཉིད་ནི། ། ཙནྟ་དཀར་དམར་སིང་ལྡིང་དང་། ། མི་ཡི་ཐོད་པ་གང་ཡང་རུང་། ། ཞེས་དང་། ཆགས་ཚད་ནི། ཤིང་ལས་བྱས་པའི་ཌཱ་མ་རུ། ། ཆགས་ཚད་སོར་མོ་བཅུ་གཉིས་ལ། འབྲིང་པོ་དགུ་དང་ཆུང་བ་ལྔ། ། ཆུ་ཞེང་མཉམ་པའི་ཚད་དུ་བླངས། ། ཞེས་གསུངས་པ་ལྟར་རོ།།

ཕྲེང་བའི་ངོ་སྤྲོད་རགས་བསྡུས།

ཕྲེང་བའི་ངོ་སྤྲོད་རགས་བསྡུས། ༄༅། །ཕྲེང་བ་ལ། རྒྱུ། ཞི་བ་ཤེལ་དང་ཉ་ཕྱིས་དང་། །མུ་མེན་དུང་གིས་མཛེས་པ་ཡིན། རྒྱས་པ་གསེར་དངུལ་བ་སོ་སྟེ། །ཚེ་རིང་ནད་མེད་དགེ་བ་ཡིན། བྱེ་རུ་ཟངས་དང་ཙན་དན་དམར། །འགུག་བྱེད་དབང་གི་ལས་རྣམས་མྱུར། །རུ་རཀྵ་དང་ལུང་ཐང་འབྲས། །ཐོད་པ་མངོན་སྤྱོད་དྲག་པོ་ལ། བྷོ་དྔྷི་ཙི་ནི་སྤྱི་ལ་རྒྱུག ཕྲེང་ཐག་ནི། བལ་ལམ་རས་ཀྱི་སྐུད་པ་ཞི་བ་ལ་སུམ་སྒྲིལ། རྒྱས་པ་ལ་བཞི་སྒྲིལ། དབང་ལ་ཉིས་སྒྲིལ། དྲག་པོ་ལ་དགུ་སྒྲིལ། ཁ་དོག་ཀྱང་ལས་བཞི་རང་མདོག་དང་། རྒྱུན་བུ་ལ་བྱས་ཚེ་ཞི་བ་གླང་། རྒྱས་པ་ར་ཁམ་པ། དབང་ལ་བ་དམར། དྲག་པ་ལ་རས་མར་བཤད་དོ། ཕྲེང་བའི་དག་པ་རིན་ཆེན་གའུར། ཕྲེང་ཐག་ཐུགས་རྗེ་ཉག་ཐག་ལ། ཕྲེང་བའི་རང་བཞིན་རང་གཞུང་ལྷ། བཅུ་འཛབ་ལས་བྱེད་ཕོ་ཉ་སྟེ། མདོ་འཛིན་ཉིས་བརྩེགས་བོན་… དེ་ལས་མང་།ཕྲེང་བའི་ངོ་སྤྲོད་རགས་བསྡུས།

ཁྲོ་བོའི་རྒྱན་གྱི་དག་པ་བསྟན་པ།

ཁྲོ་བོའི་རྒྱན་གྱི་དག་པ་བསྟན་པ། ཤར་རྫ་བཀྲ་ཤིས་རྒྱལ་མཚན། ༄༅། །ཐབས་ཤེས་ཐུན་མོང་གི་རུས་པའི་རྒྱན་དྲུག་ནི། དབུ་རྒྱན་དང་དེའི་འཁོར་ལོ། སྙན་ཆ་ཨ་ལུང་གཉིས་དང་། མགུལ་རྒྱན་ཕྲེང་བ་དང་། ཕྱག་ཞབས་ཀྱི་གདུ་བུ། ལུས་རྒྱན་པ་དྲྭ། སྐུ་རྒྱན་སྐ་རགས་དང་དྲུག་ནི་གཤེན་ལྷ་བྱེ་བྲག་དགའ་དོན་ཀུན་སྣང་རང་བྱུང་གར་ཕྱུག་དང་དྲུག་གི་མཚོན་བྱེད་དོ། ། ཁྲོ་བོའི་དུར་ཁྲོད་ཆས་བརྒྱད་ནི། བདུད་དང་སེང་གེ་དང་གླང་པོ་ཆེའི་གཡང་གཞི་གསུམ་ནི་བདུད་ཁྱབ་པ་མུ་སྟེགས་ཁྱབ་འཇུག་མུ་སྟེགས་ཕུར་བུ་གསུམ་མམ་དུག་གསུམ་བསྒྲལ་བའི་མཚོན་བྱེད་དོ། །སྟག་ཤམ་མ་རྟོགས་སུན་འབྱིན་པ། སྦྲུལ་གྱི་སྐུ་རེག་ལོག་རྟོག་སུན་འབྱིན་པ། ཐོད་རློམ་དོ་ཤལ་འཁྲུལ་རྟོག་སུན་འབྱིན་པ། ཐོད་སྐམ་ལྔའི་དབུ་རྒྱན་དུག་ལྔ་རྩད་གཅོད་པ། ཐལ་ཆེན་ཚོམ་བུ་ཆད་པ་… དེ་ལས་མང་།ཁྲོ་བོའི་རྒྱན་གྱི་དག་པ་བསྟན་པ།

ཕྱག་མཚན་གྱི་དག་པ་མདོ་ཙམ་བསྟན་པ།

ཕྱག་མཚན་གྱི་དག་པ་མདོ་ཙམ་བསྟན་པ། ཤར་རྫ་བཀྲ་ཤིས་རྒྱལ་མཚན། ༄༅། །བྱང་ཆུབ་དུས་གསུམ་དུ་མི་ནུབ་པའི་ཤེས་བྱེད་རྒྱལ་མཚན། མི་འགྱུར་བའི་ཤེས་བྱེད་གཡུང་དྲུང་། ཐོགས་པ་མེད་པའི་འཁོར་ལོ། སྐྱོན་གྱིས་མ་གོས་པའི་པདྨ། དགོས་འདོད་འབྱུང་བའི་རིན་ཆེན། སྒྲིབ་གཡོག་བྲལ་བ་མེ་ལོང་། བདག་འཛིན་རྩད་གཅོད་གྲི་གུག བདག་མེད་དོན་བསྟན་ཐོད་པ་ཁྲག་གིས་བཀང་བ། གང་ཡང་ཐུགས་རྗེས་བཟུང་བ་ལྕགས་ཀྱུ། འཁོར་བ་དོང་ནས་འདྲེན་པ་ཞགས་པ། ཐབས་ཤེས་དབྱེར་མེད་མདའ་གཞུ། དུག་གསུམ་བསྒྲལ་བའི་ཕུར་བ། བདུད་སྲིན་སྙིང་ནས་འཛིན་པ་ཤ་ཟུང་། འཆིང་ཞིང་བསྡོམས་པ་ལྕགས་སྒྲོགས། མྱོས་ཤིང་བརྒྱལ་བ་གླང་རེ། སྐྱེ་ཤི་རྩད་གཅོད་རལ་གྲི། དུག་གསུམ་བསྒྲལ་བ་ཁ་ཏཱཾ། ཉོན་མོངས་འཇོམས་པ་ཐོ་བ།

ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ་ཞེས་བྱ་བ་བཞུགས་སོ།།

ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ་ཞེས་བྱ་བ་བཞུགས་སོ།། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། ༄༅། །རང་རྒྱུད་ཞི་ཞིང་དལ་བའི་ངང་། །གཞན་རྒྱུད་འདུལ་ལ་རྟག་བརྟུན་པ། །ཐབས་ཤེས་ཟབ་མོ་ནོར་བུའི་མཛོད། །བླ་མ་རྣམས་ལ་དེ་པ་ཧོ། །སྐུ་ཡི་ཕྱག་ཆ་གསེར་གཤང་དང་། །གསུང་གི་ཕྱག་ཆ་གཡུ་རྔ་དང་། །ཐུགས་ཀྱི་ཕྱག་ཆ་བཀྲ་ཤིས་དུང་། །ཡོན་ཏན་ཕྱག་ཆ་དངུལ་དཀར་སྦུབ། །ཕྲིན་ལས་ཕྱག་ཆ་གྷ་ཏི་ཤིག།།

གཡུང་དྲུང་བོན་གྱི་ཞྭ་བཤད།

གཡུང་དྲུང་བོན་གྱི་ཞྭ་བཤད། ཁྱུང་སྨོན་ལམ། ༡༽ ཞྭ་དཀར་ཁྱུང་ལྡིང་མ། ༄༅། །ཞྭ་འདི་ནི་ ༼ཞྭ་དཀར་གཡུང་དྲུང་བོན་༽ཞེས་རང་རེའི་གྲུབ་མཐའ་ལ་མཚན་གདགས་གཞིའི་ཞྭ་ཞིག་སྟེ། དེ་ཡང་མི་ལོ་གཅིག་ཁྲི་བརྒྱད་སྟོང་གི་སྔོན་ནས་བདག་ཅག་གི་སྟོན་པ་གཤེན་རབ་མི་བོས་བོན་ཐེག་པ་རིམ་དགུ་བསྟན་ལ་དབབ་སྐབས་རྣམས་སུ་གསོལ་ཞིང༌། དེ་དང་བསྟུན་ནས་ཞྭ་འདི་ལ་མཚན་ཀྱང་ཐེག་པ་རིམ་དགུ་དང་ཞི་རྒྱས་དབང་དྲག་སོགས་ཀྱི་ལས་རིམ་སྣ་ཚོགས་དང་སྦྱར་ཏེ་མང་པོ་གསུངས་འདུག་ཀྱང་ཡོངས་གྲགས་སུ་བོན་ཞྭ་ཁྱུང་ལྡིང་མའམ་ཞྭ་དཀར་ཁྱུང་ལྡིང་མ་ཞེས་བཤད་ཀྱི་ཡོད།