རེབ་གོང་བོན་མང་སྔགས་འཆང་ཆེན་མོ་ལ་རྒྱའི་རིང་བསྲེལ་བཞུགས།

རེབ་གོང་བོན་མང་སྔགས་འཆང་ཆེན་མོ་ལ་རྒྱའི་རིང་བསྲེལ་བཞུགས།
ཁྱུང་དཀར་ཟླ་བ།
1

    གསང་མཚན་དུ་དགེ་ལྷ་ལེགས་འབྱུང་རྩལ་ལམ་ཡོངས་གྲགས་སུ་སྔགས་འཆང་ལ་རྒྱ་༼སྐྱེས་མིང་ལ་བསོད་ནམས་རྒྱལ་ཟེར། ༽ཞེས་འབོད་པ་ཁོང་ནི་སྤྱི་ལོ1918ལོར་ཁྱུང་དཀར་ཚངས་པའི་གདན་ས་ཁྱུང་བོ་སྨད་པར་སྐུ་འཁྲུངས་ཤིང་། དགུང་ལོ་གཞོན་དུས་ནས་གཞུང་དྲང་བློ་ཁོག་ཡངས་ཤིང་དཔའ་མཛངས་དང་ལྡན་པ་ཞིག་ཡིན། རྐྱེན་དབང་གིས་གླིང་བརྒྱ་ས་སོ་མ་རུ་གནས་སྤོར་བྱས་ཏེ་བོན་སྤྱོད་ཡོངས་སུ་རྫོགས་པར་བསླབས། ཁྱད་པར་སྐྱང་སྟོན་རྒྱལ་བའི་དབང་བོ་ལུང་རྟོགས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེ་དང་མཁས་གྲུབ་ཆེན་པོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ། སྡོང་སྐམ་སྤྲུལ་སྐུ་སྣང་གསལ་ལྷུན་གྲུབ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་སོགས་ཀྱི་ཞབས་པད་ལེགས་པར་བསྟེན་ནས། ཚེ་དབང་སྙན་རྒྱུད་དང་ཀུན་བཟང་ཨ་གསལ། ཡི་དམ་དབལ་གསས་ཤི་རུ་ལོག་གི་དབང་དང་ཁྱད་པར་རྫོགས་ཆེན་ཚེ་དབང་གི་སྒོ་ནས་གཉན་ས་དུར་ཁྲོད་རི་བརྒྱ་འགྲིམས་པ་དང་། དབལ་གསས་གཞུང་ཁྲི་ཚར་གཅིག་ལྷག་དང་། ནོར་བུ་འོད་འབར་ཁྲི་ཚར་གཅིག་ལྷག་སོགས་སྐུ་ཚེ་ཧྲིལ་བོར་བསྙེན་སྒྲུབ་གྱིས་དུས་འདའ་བར་བྱས། རྨ་རྒྱལ་པོམ་རའི་དགྱེས་པའི་ཞལ་གཟིགས་ཉམས་སྣང་སོགས་མང་དུ་བསྟན། གཞན་ཡང་བོན་སྤྱོད་སྐོར་གྱི་གསུང་རབ་གླེགས་བམ་དྲེལ་ཁལ་ཙམ་ཞིག་ཕྱག་བྲིས་གནང་སྟེ་ལ་ལ་ཞིག་གཞན་ལ་སྦྱིན་པ་དང་ལ་ལ་ཞིག་རང་གིས་ཉར་ཚགས་བྱས་ཏེ་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད་དོ། 1999ལོའི་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་སྐུ་ལ་སྡུག་བསྔལ་ཅུང་ཙམ་ཡང་མེད་པར་ཞལ་འཛུམ་མདངས་དང་བཅས་ཆ་ལུགས་ལྔ་ལྡན་ངང་ནས་དགོངས་པ་བོན་དབྱིངས་སུ་མཉམ་པར་བཞག་པའོ། །

སྐུ་གདུང་སྦྱིན་བསྲེགས་ཀྱི་སྐབས་སུ་བྱུ་རུའི་དབྱིབས་ལྟ་བུའི་རིང་བསྲེལ་ཆེ་ཆུང་ངོ་མཚར་བ་མང་དུ་བྱུང་ཡང་བདག་གཉེར་དོ་དམ་ལེགས་པོ་ཞིག་མ་བྱུང་བས་ཞིག་རལ་དུ་སོང་ཞིང་ད་ལྟ་རྟེན་སྐལ་ཙམ་ཞིག་མ་གཏོགས་ལྷག་མེད་པའོ། །
2 རྣལ་འབྱོར་བ་ཁོང་གི་རྒྱུན་སྤྱོད་ཕྱག་ཆས་འགའ་བཞུགས།3
གཙད་རྭ།
4

ཕུར་བུ།5
དཔར་ཤིང་།
6
རལ་གྲི།
7

ཁ་ཊཾ8

ཀ་པ་ལི།9
ཆར་འབེབ་བྱེད་ཀྱི་རྡེའུ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།