བྱང་ཆུབ་ལམ་གྱི་རིམ་པའི་བསྡུས་དོན་ཐར་ལམ་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།

བྱང་ཆུབ་ལམ་གྱི་རིམ་པའི་བསྡུས་དོན་ཐར་ལམ་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། ༄༅། ། ན་མོ་གུ་རུ་མུ་ལ་ཝེར་ཞི་ཡ། །རྨད་བྱུང་མཁྱེན་པ་ལྷ་ཡི་ལམ་ཡངས་པོར། །སྙིང་རྗེ་ཤིང་རྟ་བདུན་གྱིས་དྲངས་པའི་ཉི། །མཐུ་བྱིན་འོད་ཀྱི་ཞགས་པས་གདུལ་བྱའི་ཚལ། །སྐྱོང་མཛད་རྗེ་བཙུན་བླ་མ་སྙིང་དབུས་རོལ། །ལྔ་ཕྲག་སྙིགས་མའི་རང་མདངས་ཤར་བའི་སྐབས། །ཐ་མལ་རྨོངས་པས་ཟབ་དོན་གཞལ་དཀའ་ཡང་། །གྲོགས་ཀྱིས་བསྐུལ་ཚེ་དཔལ་ལྡན་བླ་མ་ལ། །གསོལ་བ་བཏབ་ཏེ་གང་ཤར་བྲི་བར་བྱ། །གང་ཞིག་ཐར་ལམ་སྒྲུབ་པའི་རྩ་བ་ནི། །བཤེས་གཉེན་བསྟེན་པ་ཉིད་དུ་ངེས་པ་སྟེ། །མཚན་དང་ལྡན་པ་སྣོད་ལྡན་སློབ་མ་ཡིས། །བསྟེན་ཚུལ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན། །

གཏོ་དཔྱད་ཀྱི་སྐོར།

གཏོ་དཔྱད་ཀྱི་སྐོར། ནམ་མཁའི་ནོར་བུ། ༄༅། ། བོན་གནའ་ལུགས་སུ་གྲགས་པའི་གཏོ་ནི་གསོན་པོ་བདེ་བ་དང་ནད་པ་གསོ་བ། འགལ་རྐྱེན་བཟློག་པ། འཆི་བ་བསླུ་བ་ལ་སོགས་པའི་དགོས་དོན་དུ་མ་ལ་བརྟེན་པའི་དཔྱད་ཀྱི་བྱེ་བྲག་ཅིག་ཡིན་པས་དེ་སྐད་དུ་གྲགས་ལ། བོན་ཕྱྭ་གཤེན་པའི་ལུགས་སུ་འཆི་བསླུ་གཏོ་ཞེས་བཤད་པ་སྟེ་དུས་རིམ་བར་མའི་སྐབས། བོད་དུ་དར་བའི་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ཁོངས་སུ་འགྲོལ་ཤེས་གཏད་བྱད་ཅེས་སུ་གྲགས་པའི་བོན་ལུགས་དེའི་གྱེར་སྒོ་གང་ལས་བའི་གཞི་སྟེ་བོན་སྒོ་བཞི་མཛོད་ལྔ་རུ་དབྱེ་བའི་སྐབས་སུ་དཔོན་གསས་ཕྱ་གཉན་གཏོ་ཡི་སྒོ་ཞེས་པས་གསལ་བ་དེ་ཡིན།

གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས།

གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས།      ༼གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་༽ཐེངས་དང་པོ་དེ་སྤྱི་ཟླ་བཅུ་གཉིས་པའི་ཚེས་༡༦ནས་༡༨བར་མདོ་སྨད་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་སྣང་ཞིག་དགོན་ཆེན་ནས་འཚོགས་པ།

༼དཔྱོད་ལྡན་མཆོད་པའི་མེ་ཏོག༽སྤྱིའི་དེབ་གྲངས་དྲུག་པ།

མདོ་སྨད་བྱང་རྒྱུད་ཡུལ་ནས་སྤེལ་བའི་བོན་བསྟན་དཔྱད་བརྗོད་དེབ༼དཔྱོད་ལྡན་མཆོད་པའི་མེ་ཏོག༽སྤྱིའི་དེབ་གྲངས་དྲུག་པ་དངོས་སུ་འགྲེམ་སྤེལ་བྱས་ཟིན་པ།

གཡུང་དྲུང་བོན་གྱི་བཀའ་བརྟེན་སྤུས་ལེགས་ཤིག་དཔེ་སྐྲུན་ལེགས་གྲུབ་བྱུང་བའི་སྐོར་གྱི་གནད་འཕྲིན།

གཡུང་དྲུང་བོན་གྱི་བཀའ་བརྟེན་སྤུས་ལེགས་ཤིག་དཔེ་སྐྲུན་ ལེགས་གྲུབ་བྱུང་བའི་སྐོར་གྱི་གནད་འཕྲིན།  ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་རིན་པོ་ཆེ་༧རྒྱ་མཚོ་ནོར་བུ་བམ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་གིས་བསྟན་འགྲོ་སྤྱི་ཕན་གྱི་གཞི་མ། གཡུང་དྲུང་བོན་གྱི་ཕུགས་ནོར་ངོ་མ་གསེར་གྱི་རི་རབ་བརྒྱ་ལས་ཀྱང་དགའ་བའི་བཀའ་བརྟེན་དཔེ་རྙིང་རྣམས་ཉམས་གསོ་དང་དར་སྤེལ་ཐུབ་ན་སྙམ་པའི་ཁོང་གི་སྔར་ཡོད་ཀྱི་དགོངས་གཞི་དང༌། བླ་སྤྲུལ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་རེ་སྐུལ་བཞིན།