གཡུང་དྲུང་བོན་ལུགས་འདི་ཉིད་འཛམ་གླིང་དུ་དར་ནས་ད་བར་དུ་ལོ་ངོ་ག་ཚོད་ཕྱིན་ཡོད་པ་ཚན་རིག་དང་མཐུན་པའི་སྒོ་ནས་ཁས་ལེན་ཐུབ་ཀི་ཡོད་དམ།

       བོན་ལུགས་ཀྱི་བསྟན་རྩིས་འགར་བཤད་པ་ལྟར་ན་སྟོན་པ་གཤེན་རབ་མི་བོ་ཆེ་འཁྲུངས་ནས་ད་བར་མི་ལོ་སྟོང་ཕྲག་བཅོ་བརྒྱད་ཕྱིན་པར་བཤད་པ་ནི་ཚན་རིག་དང་འཛམ་གླིང་སྤྱི་འགྲོས་ཀྱི་ལོ་རྒྱུས་ཐོག་ནས་ངོས་ལེན་བྱེད་མི་ཐུབ།

ཁྲི་སྲོང་དང་དེ་ལས་འཕྲོས་པའི་བོད་ཀྱི་ལོ་རྒྱུས་ཀྱི་གྲུ་ཟུར་འགའ།

ཁྲི་སྲོང་དང་དེ་ལས་འཕྲོས་པའི་བོད་ཀྱི་ལོ་རྒྱུས་ཀྱི་གྲུ་ཟུར་འགའ། ཀ་ཤུལ་བསོད་རིན། ཡ་ཐོག་གི་འཇིག་རྟེན་ཞིག་བཙལ་བའི་ཆེད་དུ་ངས་དཔྱད་གླེང་འདི་ལྟ་བུ་ཞིག་ཅི་ནས་ཀྱང་འབྲི་དགོས་པས་ང་ལ་གུ་ཡངས་རེ་གནང་རོགས།         ཕྱོགས་ལྷུང་དང་འགལ་འཁྲུལ་གྱིས་བཟོས་པའི་བོད་… དེ་ལས་མང་།ཁྲི་སྲོང་དང་དེ་ལས་འཕྲོས་པའི་བོད་ཀྱི་ལོ་རྒྱུས་ཀྱི་གྲུ་ཟུར་འགའ།

ཟིང་ཆུ་རྫོང་གི་དམུ་དགེ་ཁོག་ཞེས་པའི་དམུ་དེ་དམུ་རིགས་གཤེན་གྱི་གདུང་རྒྱུད་ཅེས་པའི་དམུ་དེ་དང་དམུ་དགེ་ཞེས་པའི་དམུ་དེ་གཉིས་ལ་འབྲེལ་བ་ཡོད་དམ།

 དམུ་དགེའི་སྐོར་བྲིས་པའི་ཡིག་ཆ་རྙིང་བ་ད་བར་མ་མཐོང་ལ།  དམུ་ནི་རུས་ཞིག་ཡིན་པ་བཤད་མ་དགོས། དེ་བཞིན་བོན་གྱི་གཏོ་ཆོག་དང་ཏུན་ཧོང་ནས་བཏོན་པའི་ཡིག་རྙིང་ཁག་ཏུ་དམུ་ནི་གནམ་གྱི་ལྷ་རིགས་ཞིག་ཡིན་པར་འདོད། རུས་མཛོད་ཁག་ཏུ་དམུ་དང་མུ་དང་རྨུ་ཞེས་པར་ཡང་བྲིས་ཡོད།… དེ་ལས་མང་།ཟིང་ཆུ་རྫོང་གི་དམུ་དགེ་ཁོག་ཞེས་པའི་དམུ་དེ་དམུ་རིགས་གཤེན་གྱི་གདུང་རྒྱུད་ཅེས་པའི་དམུ་དེ་དང་དམུ་དགེ་ཞེས་པའི་དམུ་དེ་གཉིས་ལ་འབྲེལ་བ་ཡོད་དམ།

ཤར་ཁོག་གམ་ཟིང་ཆུ་ཁོག་འདི་སྔར་ཞང་ཞུང་སྒོ་ཕུག་བར་གསུམ་ནང་ནས་སྒོ་བའི་སྒོ་བ་སྟེ་སུམ་པ་གླང་གི་གྱིམ་ཤོད་ཀྱི་ཁོངས་སུ་འདུས་པ་ངོས་འཛིན་བྱས་ན་སྐྱོན་ཡོད་དམ།

       ཟིང་ཆུའམ་ཟོང་ཆུ་ཡུལ་སྐད་དུ་ཤར་ཁོག་ཏུ་གྲགས་པ་འདིའི་ཤེས་རིག་དང་ཆབ་སྲིད་གང་ཅིའི་ཐད་ནས་ལོ་རྒྱུས་བོད་སྐད་དུ་བྲིས་ཡོད་པ་ད་བར་མ་མཐོང་།  ཞང་ཞུང་སྙན་རྒྱུད་ཀྱི་ལོ་རྒྱུས་ལྟར་ན་སུམ་པ་གླང་གི་གྱིམ་ཤོད་ནི་བོད་ཀྱི་བྱང་ཕྱོགས་ཀྱི་ས་གནས་བྱང་དང་རའི་ཁུལ་… དེ་ལས་མང་།ཤར་ཁོག་གམ་ཟིང་ཆུ་ཁོག་འདི་སྔར་ཞང་ཞུང་སྒོ་ཕུག་བར་གསུམ་ནང་ནས་སྒོ་བའི་སྒོ་བ་སྟེ་སུམ་པ་གླང་གི་གྱིམ་ཤོད་ཀྱི་ཁོངས་སུ་འདུས་པ་ངོས་འཛིན་བྱས་ན་སྐྱོན་ཡོད་དམ།

ད་ལྟ་དངོས་སུ་བཞུགས་པའི་བོན་གྱི་བཀའ་བརྟེན་ནམ་བརྟེན་འགྱུར་དག་ལས་བཀའ་བརྟེན་ཐོག་མ་དེ་གང་རེད་དམ། དེ་བྱུང་ནས་ལོ་ངོ་ག་ཚོད་ཕྱིན་ཡོད་རེད་དམ། དུས་རབས་གང་གི་སྐོར་ལ་བྱུང་བ་དང་། དེ་གསུངས་པ་པོ་མཁས་དབང་སུ་ཡིན་ནམ།

མཁན་ཆེན་ཉི་མའི་བཀའ་བརྟེན་གྱི་དཀར་ཆག་ཏུ་བརྟེན་འགྱུར་གྱི་ཐོག་མ་གཤེན་ཐང་མ་འོད་རྒྱལ་གྱིས་མཛད་པར་གྲགས་པའི་གཤེན་གྱི་མཆོད་གཏོར་རྩིས་འགོ་བདུན་པ་ཞེས་པ་དེ་བཞག་ཡོད། 

བོན་བསྟན་བྱུང་འཕེལ་ཉུང་བསྡུས།

བོན་བསྟན་བྱུང་འཕེལ་ཉུང་བསྡུས། ས་ཁའི་བློ་ལྡན། ༄༅། ། དེ་ཡང་བདག་ཅག་གི་སྟོན་པ་རྣམ་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས། མཐ… དེ་ལས་མང་།བོན་བསྟན་བྱུང་འཕེལ་ཉུང་བསྡུས།

གཡུང་དྲུང་། ཞེས་པའི་ཐ་སྙད་དེ་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་ཐ་སྙད་ཞིག་ཡིན་ནམ། གལ་ཏེ་ཡིན་ན་སྟོན་པ་གཤེན་རབ་མི་བོ་ཆེའི་དུས་ནས་བྱུང་བ་རེད་དམ། ཡང་ན་དེའི་སྔ་རྗེས་གང་ལ་བྱུང་བའི་ཐ་སྙད་ཞིག་རེད།

    གཡུང་དྲུང་ཞེས་པའི་ཐ་སྙད་ནི་བོད་ཀྱི་བཙན་པོ་རྣམས་ཀྱིས་བཙུགས་པའི་བཀའ་གཙིགས་ཀྱི་རྡོ་རིང་ཁག་ཏུ་འབྱུང་བས་ཐ་སྙད་རྙིང་བ་ཞིག་ཡིན་ལ།

དད་གདུང་གིས་སྐྱོམས་པའི་ལྷོ་མཐའི་དབྱངས་རྟ་ཐོལ་འཁྱུགས་མ།

དད་གདུང་གིས་སྐྱོམས་པའི་ལྷོ་མཐའི་དབྱངས་རྟ་ཐོལ་འཁྱུགས་མ། ཁྲི་གཡུང་དྲུང་། མཐོན་པོ་ཏི་ཙེ་གངས་རྒན་རྩེ་ནས་ཨག་སྐད་ཅིག་གིས་བརྡ་འཕྲིན་སླེབས། ། ཧི་མའི་རི་བོའི་ཕ་རོལ་ཞིག་ནས་མྱ་ངན་ངག་གིས་སྐད་འབོད་ཐོས། ། མ་ཕམ་མཚོ་མོའི་རླབས་སྒྲ་སྔོན་མོ་ཞེ་སྡང་དྲག་པོས་མཁའ… དེ་ལས་མང་།དད་གདུང་གིས་སྐྱོམས་པའི་ལྷོ་མཐའི་དབྱངས་རྟ་ཐོལ་འཁྱུགས་མ།

སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོའི་ཆེའི་སྙན་རྩོམ་ཕྱོགས་བསྒྲིགས།

༼ཀ་ཁ་སུམ་ཅུ་ཚང་བའི་ཚིགས་བཅད།༽     སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན།  ༄༅། །གཟུང་འཛིན་བོན་རྣམས་རིག་པའི་འོད་མདངས་ཤེས། ། ཨེ་ཝཾ་གཡུང་དྲུང་ངང་ལས་ལྷ་སྐུར་བཞེངས། ། ཐེག་ཆེན་ཀློང་སྒོམ་ལྟ་བ་ཕུན་སུམ་ཚོགས། ། མཁས་གྲུབ་འཇིགས་མེད་རྩལ་ཅེས་སྙིང་ནས་དྲན། །

ངག་དབང་དབྱངས་ཅན་ལྷ་མོ་ལ་བསྟོད་པ།

ལྷག་པའི་ལྷ་མཆོག་ངག་དབང་དབྱངས་ཅན་ལྷ་མོ་ལ་བསྟོད་པ་མཚོ་བྱུང་ དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།། རྗེ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན། ༄༅། །ན་མཿགུ་རུ་སྭ་ར་སྭ་དྱེེ་བྷྱཿ སྲིད་ན་མངོན་མཐོ་གསེར་མངལ་དཔལ་གྱི་མགྲིན། ། གྲགས་པའི་མུ་ཁྱུད་འཇུག་པ་བཅུ་པ་སོགས། །… དེ་ལས་མང་།ངག་དབང་དབྱངས་ཅན་ལྷ་མོ་ལ་བསྟོད་པ།