རིན་ཐང་གིས་ལྕི་བའི་གསེར་ནག་གི་ཕ་བོང་།

 སྐྱིད་སྲས་དགེ་ལེགས་ཉི་མ།    ( སྨན་རིའི་གླིང་།)  ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ལས་སྤྲུལ་བའི་བྱ་རྒྱལ་ཁྱུང་ཆེན་གསུམ།། མེ་ཏོག་གླིང་ལ་དལ་ཅིག་བབས་ནས་སླར་ཡང་མཁའ་ལ་གཤེགས་པའི་ཤུལ།། སྦར་མོའི་དྲོད་ལས་སྲིད་པའི་ཁྱུང་སྒོང་དཀར་ནག་སེར་གསུམ་ཆགས་པའི་རྟེན།། ཁྱུང་དཀར་ཐོག་ལ་འབར་གྱི་རྒྱུད་འཛིན་རིག་འཛིན་ཚོགས་ཀྱིས་ཤིས་པ་སྩོལ།།