སྨད་པ་ཁྱུང་པོ་ཐང་ནས་རྗེ་བླ་མར་གདུང་མཆོད་ཕུལ་བའི་གནས་ཚུལ།

༄༅། །སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེའི་དགོངས་རྫོགས་སྐབས་འདིར་སྡེ་འདིའི་སྐྱེ་ཕོ་མོ་རྒན་གཞོན་ཀུན་གྱིས་ཚེས་བཅུ་གཉིས་ནས་ཉེར་དྲུག་བར་མར་རྒྱ་མ་ཆིག་སྟོང་བརྒྱད་བརྒྱ་ལྷག་གིས་མར་མེའི་མཆོད་པ་ཕུལ་བ་དང་། ཚེས་བཅུ་དགུ་ནས་ཉེར་དྲུག་བར་བོན་གཤེན་རིག་པ་འཛིན་པའི་སྔགས་འཆང་རྣམས་ཀྱིས་ཚེ་དབང་བོད་ཡུལ་མའི་ཚོགས་སྟོང་ལྷག་དང་། དགེ་བསྙེན་མ་རྣམས་ཀྱིས་སྨྱུང་གནས་བརྒྱ་རྩ་བརྒྱད་ཙམ་བསྲུང་སྟེ་ཚོགས་བསགས་དགེ་སྒྲུབ་ཀྱི་ལས་ལ་འབད་པའི་གནས་ཚུལ་རགས་རིམ་པའོ།།