ཡབ་རྗེ་བླ་མའི་དུས་མཆོད་ཆེན་མོ་འཚོགས་ཉིན་དང་པོའི་གནས་ཚུལ་རགས་བསྡུས།

༄༅། །དེ་ཡང་ལྷར་བཅས་འགྲོ་བའི་འདྲེན་སྟོན་ཆེན་མོ། སངས་རྒྱས་བསྟན་པའི་གསལ་བྱེད་དམ་རིས་མེད་སྐྱེ་དགུའི་དཔུང་གཉེན་གཅིག་པུ། རང་ཅག་ཀུན་གྱི་མེ་ཏོག་ཕོག་པའི་ལྷ་སྐལ། དཔོན་གསས་བླ་མ་ཡིད་བཞིན་ནོར་བུ༧སྐྱབས་རྗེ་བླ་མ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་རེ་ཞིག་དགོངས་པ་གཞན་དུ་གཏད་ནས་མི་ལོ་གཉིས་འགོར་བའི་དུས་མཆོད་ཆེན་མོ། ༢༠༢༠ལོའི་ཧོར་ཟླ་བདུན་པའི་དྲུག་ཉིན་ནས་འཚོག་མགོ་བརྩམས་པ་ལ། ཐ… དེ་ལས་མང་།ཡབ་རྗེ་བླ་མའི་དུས་མཆོད་ཆེན་མོ་འཚོགས་ཉིན་དང་པོའི་གནས་ཚུལ་རགས་བསྡུས།

ཁྲི་བསྟན་དར་ལགས་ཀྱི《སྐུ་གདུང་བྱིན་རླབས་གཟི་བྱིན་འོད་འབར་གྱི་དཀར་ཆག》དེབ་གཟུགས་རིན་མེད་གཟིགས་འབུལ་གནང་བ།

ཁྲི་བསྟན་དར་ལགས་ཀྱིས་བརྩམས་གནང་མཛད་པའི་《རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པའི་སྐུ་གདུང་གཡུང་དྲུང་བཀོད་ལེགས་མཆོད་རྟེན་བྱིན་རླབས་གཟི་བྱིན་འོད་འབར་གྱི་དཀར་ཆག་ཉུང་བསྡུས》བྱ་བའི་དེབ་གཟུགས་རེ་རེ་རྗེ་བླ་མའི་དུས་མཆོད་ཀྱི་ཉིན་འདིར་རིན་མེད་གཟིགས་འབུལ་གནང་། དེབ་གཟུགས་ཕབ་ལེན་བྱེད་འདོད་ན་གཤམ་གྱི་ཡིག་ཆ་ལས་ཕབ་ལེན་བྱས་ཆོག