«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་བཅུ་གཅིག་པ་གསར་ཐོན།

མཁས་དབང་བོན་བརྒྱ་རིན་པོ་ཆེ་མཆོག་གིས་གཡུང་དྲུང་བོན་བསྟན་དཔྱད་བརྗོད་དེབ་«དཔྱོད་ལྡན་མཆོད་པའི་མེ་ཏོག»

སྤྱི་དེབ་བཅུ་གཅིག་པར་བསྩལ་བའི་རྟེན་འབྲེལ་ཤིས་ཚིག

༧ ཨ་ཧོ་རྣམ་དཔྱོ༵ད་ཤེས་ལྡ༵ན་མཁས་མང་ཚོགས། །མཆོ༵ད་འབུལ་དགྱེས་པ༵འི་རྩོམ་ཡིག་མེ༵་ཏོ༵ག་འཕྲེང༌།།

གཅེས་མཛོད་ལེགས་བསྐྲུན་ལྔ་རིག་མི་ཉམས་ཐབས། །རྟ་ལྗང་གཟི་འོད་སྤྲོ་བཞིན་ཝ་ལེར་གསལ།།

ཀ་ཁ་སུམ་ཅུ་མིང་གཞིར་ཚང་བའི་ཚིགས་བཅད་དོ། །

༧ རྗོད་བྱེད་ཚིག་གི་འདབ་མས་ཕྱི་མཛེས་ཤིང༌། །བརྗོད་བྱེད་དོན་གྱི་ཟེའུ་འབྲུས་ནང་ཕྱུག་ན།།

དཔྱོ༷ད་ལྡ༷ན་མཆོ༷ད་པ༷འི་མེ༷་ཏོ༷ག་མིང་དོན་མཚུངས། །དུས་དེབ་བཟང་པོ་བསྔགས་བརྗོད་ཡུལ་དུ་འགྱུར། །

༧ ལུང་རིགས་སྨྲ་བའི་རྣམ་དཔྱོ༵ད་ལྡ༵ན་པ་རྣམས། །གཟུར་གནས་མཁས་པ་དགྱེས་པར་མཆོ༵ད་པ༵འི་ཚུལ། །

རྩོམ་རིག་མེ༵་ཏོ༵ག་གསར་བའི་ལེགས་སྐྱེས་ཅན། །དུས་དེབ་གཞོན་ནུའི་རྩེད་འཇོ་ཡང་ཡང་སྨོན། །

ཞེས་པའི་ཚིགས་བཅད་རྩེ་མོའི་གྲངས།།ངག་དབང་དབྱངས་ཅན་དགྱེས་བློའམ།།དགེ་ལེགས་རྒྱ་མཚོའི་ཐོལ་བྱུང་འདི།།རང་ལོ་བརྒྱད་ཅུའི་དུས་སུ་ཕུལ།། ཐ་ཚན་མུ་ཙུག་སྨྲ།

b8164f853290f9a7804787798e42b5ad

«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་བཅུ་གཅིག་པའི་མདུན་ཤོག

a2f54dbaec6843d35c9131f4398f42ac

«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་བཅུ་གཅིག་པའི་ནང་ཤོག

33af6f8b8123b845502ecba11a36cc13

b58a4f56b6e5fc3d0589f31c6e79f262

འདིར་དམིགས་སུ་ཞུ་རྒྱུ་ཞིག་ནི།
དུས་ཀྱིས་འདས་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད། ཁ་བའི་ལྗོངས་སུ་ཡ་ཐོག་ཤེས་རིག་གི་དགེ་མཚན་མི་ཉུང་བ་ཞིག་ཆགས་སྡང་དང་སྒེར་སེམས་ཀྱི་འཐབ་རྩོད་ལས་ཉམས་རྒུད་དུ་སོང་ཡོད་པ་དེ་ནི། དཔེར་ན། རང་ཕྱོགས་རང་གིས་གཅོད་པའི་སྲིན་འབུ་དང་མཚུངས་པར་སྣང་བས་ད་ནི་གླེན་རྟགས་ཀྱི་སྨྱུག་གཟེབ་ཏུ་མི་ཚུད་པར་མེས་པོའི་རིག་གཏེར་གྱི་སྙིང་པོ་དེའི་འཚོལ་ཞིབ་ལ་བྲེལ་ན་ལེགས་སོ།།
མདོ་སྨད་རེབ་གོང་བོན་བརྒྱ་དགོན་གྱིས་གཉེར་བའི་གཡུང་དྲུང་བོན་བསྟན་དཔྱད་བརྗོད་དེབ«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱིའི་དེབ་གྲངས་བཅུ་གཅིག་པ་འདི་འགྲེམ་སྤེལ་བྱེད་པ་ལ། མདོ་དབུས་ཁམས་གསུམ་ནས་གཟུར་གནས་དཔྱོད་ལྡན་མང་པོའི་ལྗགས་རྩོམ་བསྐུར་གནང་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ལྷག་དོན་དགའ་མལ་དགོན་ཆེན་གྱི་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་ལགས་ནས་དམངས་སྒོར་ཆིག་སྟོང་གིས་ཞལ་འདེབས་ཕུལ་བ་ལའང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་འོངས་པ་ན། ཞང་བོད་ཤེས་རིག་གི་གནད་ལས་བརྩམས་པའི་ཞང་ཞུང་ཤེས་རིག་གི་བྱུང་འཕེལ་དང་འབྲེལ་བའི་ཕ་བོན་རིག་པའི་ཉིང་ཁུ་བོད་འབངས་མིའི་གསོས་སུ་འཇོ་བའི་ལེགས་རྩོམ་གསར་བྱུང་ཅི་རིགས་ང་ཚོར་བསྐུར་གནང་ཡོད་པའི་རེ་བ་ཡོད།

ཅེས་རྩོམ་སྒྲིག་པས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།