རེབ་གོང་བོན་བརྒྱ་དགོན་གྱི«རྒྱུན་འཁྱེར་ཞལ་འདོན»རིན་མེད་ངང་དཔེ་སྦྱིན་གནང་བ།

11111111111ཁྲི་བསོད་བསྟན་དང་རེབ་སྐྱིད་ཡར་འཕེལ་གཉིས་ཀྱིས་རྒྱུན་འཁྱེར་ཞལ་འདོན་འདི་དམིགས་པ་གསུམ་གྱི་སྒོ་ནས་སྦྱིན་པ་ཡིན་ཏེ།

༡  ༽ སྤྱིར་སྙིགས་དུས་ཀྱི་བསྟན་འགྲོའི་དེད་དཔོན་ཆེན་མོ་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་བཟང་པོའི་ཞིང་མཆོག་ཏུ་གྱུར་བའི་ཡིད་བཞིན་གྱི་ནོར་བུ་གཅིག་པུ། བདག་ཅག་གི་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་མཐོང་བའི་བཀའ་དྲིན་བཞི་རྫོགས་ཀྱི་རྩ་བའི་བླ་མ་རིན་པོ་ཆེ། ༧རྗེ་བོན་བརྒྱ་ཐམས་ཅན་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོའི་སྐུ་དྲིན་གྱི་ཆ་ཙམ་མཇལ་ཕྱིར་ཞབས་བརྟན་བསྐལ་བརྒྱར་འཚོ་བཞུགས་ཞུ་བ་དང༌།

༢  ༽ བྱེ་བྲག་ཏུ་ངེད་གཉིས་དང་འབྲེལ་བའི་ཤ་ཁྲག་རུས་རྐང་གཅིག་པའི་ཉེ་གཞི་རྩ་ལག་གཙོར་བཅས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་དང་འདས་མ་ཐམས་ཅད་སྲིད་པ་བར་དོར་མི་འཁྱམས་པར་གནས་དག་པ་འོལ་མོ་གླིང་གི་ཞིང་ཁམས་སུ་མེ་ཏོག་པདྨའི་ཁ་ལ་བརྫུ་སྟེ་སྐྱེ་བར་སྨོན་པ་དང༌།

༣  ༽ སྒོས་སུ་རང་རང་སོ་སོས་ཁས་བླངས་དམ་ཚིག་ཆག་ཉམས་ཉེས་ལྟུང་ཤོར་བ་དང་སྡིག་པའི་ལས་ཅི་བསགས་པ་ཡོད་དོ་ཅོག་མེ་ལོང་གི་གཡའ་དག་པ་ནང་བཞིན་གཙང་ཞིང་སེལ་བར་གྱུར་ཏེ། ལྷ་དང་བླ་མའི་ཐུགས་རྗེ་ཡིས་ཟིན་པ། མ་བདུད་བཙན་གསུམ་སོགས་སྲུང་མ་གཙོ་འཁོར་བཅས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་ཅི་བསམ་ཐམས་ཅད་ཡིད་བཞིན་ནོར་ལྟར་འབྱུང་བར་འགྲུབ་པའི་སྡོངས་གྲོགས་མཛད་ཕྱིར་རྒྱུན་སྤྱོད་ཞལ་འདོན་འདི་དེབ་ཆུང་དུ་པར་བསྐྲུན་བྱས་པ་ཡིན་ལ།

03

བདག་ཅག་གི་རྩ་བའི་བླ་མ་ཁོང་རིན་པོ་ཆེ་ཚང་གིས་ཀྱང་ཞལ་འདོན་འདི་རྒྱུན་དུ་ཡི་དམ་བྱས་གྱུར་ན་ཚེ་འདིར་ཅི་བསམ་ལྷུན་གྱིས་འགྲུབ་པ་དང་ཕྱི་མར་ངན་འགྲོའི་སྡུག་བསྔལ་ཐམས་ཅད་རང་བཞིན་གྱིས་ཞི་ནས་མཐར་ཐུག་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཡིད་གཉིས་ཐེ་ཚོམ་མེད་པ་ཡིན་ཞེས་གསུངས་ཡོད་པས།

55
༧སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་དང་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་ཟུང་ལ་གཟིགས་འབུལ་གནང་བཞིན་པ།

ཞལ་འདོན་འདི་ནི་མཚོ་སྔོན་ཕྱོགས་ཀྱི་དགོན་སྡེ་དང་སྒྲུབ་སྡེ་སོ་སོ་གཙོ་བྱས་གཡུང་དྲུང་བོན་གྱི་རྣམ་དཀར་དགེ་ལ་འདུན་པའི་ལུས་ཅན་སྐྱེ་འགྲོ་ཕོ་མོ་ཡོངས་ལ་རིན་མེད་བོན་སྦྱིན་དུ་ཕུལ་བ་ལགས་ན། དྲི་མས་མ་གོས་པའི་སེམས་བསྐྱེད་ཆེན་མོའི་མཐུ་དཔལ་འདི་ཡིས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མངོན་མཐོ་དང་ངེས་ལེགས་ཀྱི་སར་བཀྲི་ཞིང་སྙིང་ཐག་པ་ནས་རྔོ་ཐོགས་པར་ཞུ་བའོ།།

1 3

རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ལ་དཔེ་སྦྱིན་དུ་ཕུལ་བ།

8 9

ཀན་སུའུ་རྩེ་ཞིག་གཡུང་དྲུང་བོན་བསྟན་འཕེལ་རྒྱས་གླིང་ལ་དཔེ་སྦྱིན་དུ་ཕུལ་བ།

0206

རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་འདུས་པ་རྒྱ་མཚོར་དཔེ་སྦྱིན་དུ་ཕུལ་བ།

10

ཡར་ནང་བོན་སྡེ་ཁ་གསུམ་གྱི་ཡ་གྱལ་མདོ་བའི་སྔགས་འཆང་ཡོངས་ལ་དཔེ་སྦྱིན་དུ་ཕུལ་བ།

1113

ཁྲི་ཀ་སེར་བརྒྱའི་བོན་མང་འདུས་པ་རྒྱ་མཚོར་དཔེ་སྦྱིན་དུ་ཕུལ་བ།

15 14

ཁྲི་ཀ་སྟོང་ཆེ་ཁྱུང་མོ་བཤད་སྒྲུབ་སློབ་གླིང་ལ་དཔེ་སྦྱིན་དུ་ཕུལ་བ།

02 01

མཚོ་ལྷོ་དཔལ་གཤེན་བསྟན་སྨིན་གྲོལ་དུང་དཀར་གླིང་དུ་དཔེ་སྦྱིན་དུ་ཕུལ་བ།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།