སྨན་རིའི་དགེ་བཤེས་ཤེས་རབ་གྲགས་པ་དང་ཁོང་གི་གསུང་རྩོམ།

སྨན་རིའི་དགེ་བཤེས་ཤེས་རབ་གྲགས་པ་དང་ཁོང་གི་གསུང་རྩོམ།
བོན་ནག་ཚང་ཡེ་ཤེས་བློ་གྲོས།
1

      ཁོང་ནི་སྤྱི་ལོ་༡༩༦༧ལོར་རྔ་བ་བློན་ཚང་དུ་སྐྱེས། ༡༩༨༥ལོར་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་ཚོགས་གྲལ་དུ་ཞུགས། ༡༩༩༠ལོར་ཐོབ་རྒྱལ་སྨན་རི་དགོན་དུ་ཕྱིན་ཏེ་མདོ་སྔགས་རྫོགས་གསུམ་སོགས་རིག་པའི་གནས་ཆེན་ཀུན་ལ་སློབ་སྦྱངས་བྱས། ༡༩༩༩ལོར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་ཐོབ། ༢༠༠༠ལོར་སླར་ཡང་སྣང་དགོན་ནས་རབ་འབྱམས་པའི་དམ་བཅའ་བཞག ༢༠༠༡ལོ་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་གི་ཚོགས་གཙོ་གཞོན་པ་དང་ཚོགས་གཙོ་སྔ་ཕྱིར་ཁུར། ༢༠༠༨ལོར་སྔགས་རྫོགས་དམ་བཅའ་བཞག་ནས་སྣང་དགོན་ཚོགས་ཆེན་དཔོན་སློབ་ཀྱི་འགན་ཁུར། ད་ལྟ་མདོ་དབུས་ཁམས་གསུམ་གྱི་བོན་དགོན་ཁག་གི་ལོ་རྒྱུས་དང་ས་ཁྲ་འཚོལ་བསྡུ་བྱེད་བཞིན་ཡོད།
25

      ཁོང་གི་གསུང་རབ་ལ་པོད་ལྔ་བཞུགས་ཡོད་ལ། པོད་དང་པོ་ནི་རྟགས་རིགས་ཀྱི་རྣམ་བཞག་བྱིས་པའི་བློ་སྒོ་འབྱེད་པའི་ལྡེ་མིག་དང། པོད་གཉིས་པ་ནི་བསྡུས་གྲྭའི་ངོས་འཛིན་བློ་གསལ་བྱིས་པ་འཇུག་པའི་སྒོ། པོད་གསུམ་པ་འབྱུང་རྩིས་ཀྱི་རྣམ་བཞག་དྭངས་ཤེལ་མེ་ལོང་། པོད་བཞི་བ་ལྷོ་གཏེར་ལུགས་ཀྱི་ཐེག་དགུའི་རིམ་གནད་བསྡུས་དོན་ཉིན་མའི་འོད་སྣང་། པོད་ལྔ་བ་ཐེག་ཆེན་སྤྲོས་མེད་པའི་སྐོར་གྱི་ཟིན་ཐོ་བློ་གསལ་དགྱེས་པའི་ལེགས་བཤད་བཅས་པོད་ལྔ་ཡོད་ལ། གསུང་པོད་འདི་རྣམས་ནི་ཁོང་གིས་ཤེས་བརྩོན་ཆེར་བསྐྱེད་ཀྱི་སྒོ་ནས་སྤེལ་བ་ཡིན་ལ། གསུང་གི་ཚིག་གྲུབ་རེ་རེ་རྣམ་དཔྱོད་ཀྱི་འོད་སྣང་གིས་བཞེངས་སྐྲུན་བྱས་པ་ཏག་ཏག་ཡིན་པ་དཔྱོདད་ཤེས་ཀྱི་རིག་པས་ལན་གཅིག་གཟིགས་ན་རྟོགས་ཐུབ་པ་བསྙོན་དུ་མེད་དོ།
ཅེས་གང་གི་སློབ་བུའི་གྲལ་མཐའ་བ་བོན་ནག་ཚང་ཡེ་ཤེས་བློ་གྲོས་ནས་ངོ་སྤྲོད་ཙམ་དུ་ཕུལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།