ཁྲི་བློ་གྲོསདང་གནམ་འོག་གི་འཇིག་རྟེན།

ཁྲི་བློ་གྲོསདང་གནམ་འོག་གི་འཇིག་རྟེན།
བོན་ནག་ཚང་ཡེ་ཤེས་བློ་གྲོས།
1

   ཁོང་སྤྱི་ལོ༡༩༧༤ལོར་མདོ་སྨད་ཁྲི་ཀ་སེར་བརྒྱ་རུ་སྐྱེས། ལོ་བརྒྱད་ཀྱི་སྟེང་སློབ་ཆུང་འགྲིམས་ཤིང་ལོ་བཅོ་ལྔའི་སྟེང་རེབ་གོང་བོན་བརྒྱ་དགོན་གྱི་ཚོགས་གྲལ་དུ་ཞུགས། གཏིང་ཟབ་པའི་བོན་གཞུང་གི་ཤེས་རིག་ཁྲོད་ནར་སོན་ཏེ་སྙན་ངག་གི་རྩོམ་ཡིག་མང་པོ«སྦྲང་ཆར»དང«གངས་རྒྱན་མེ་ཏོག»སོགས་དུས་དེབ་དང་ཚགས་པར་སྟེང་བཀོད། «ཆུ་ཕྲན་གྱི་རང་གཏམ»དང«ཆོས་པ་ཞིག་ལ་ཕུལ་བའི་སྙིང་གཏམ»གཉིས་«གངས་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་གིས་སྤེལ་བའི་རྒྱལ་ཡོངས་བོད་ཀྱི་གཞོན་དར་རྩོམ་པ་པོའི་སྙན་ངག་ཆེད་བསྒྲིགས་སུ་བཀོད་ཅིང་། «ནོར་ནག»དང«ཁུ་བྱུག་བུ་མོའི་དགོད་སྒྲ»གཉིས་«སྦྲང་ཆར»གྱི་ལོ་འཁོར་ཉི་ཤུའི་དཔེ་ཚོགས་སུ་བདམས། ཁོང་གིས་ལོ་དེབ«ཀ་རྩོམ་ཕྱོགས་བསྒྲིགས་དཔྱོད་ལྡན་མཆོད་པའི་མེ་ཏོག»དང«གངས་རིའི་ལང་ཚོ»གཉིས་རྩོམ་སྒྲིག་བྱས། ལོ་ཉེར་ལྔ་ནས་ཤ་ཙོང་ཚྭ་སྒོག་གི་འཚོ་བ་སྤངས་ནས་སྨྲ་སེང་བསྙེན་སྒྲུབ་ཀྱི་ཐུན་མཚམས་ལོ་གཅིག་ལ་བཞུགས་མཐར། དགུང་ལོ་ཉེར་དྲུག་སོན་པ་ཧོར་ཟླ་བཅུ་བའི་ཚེས་གསུམ་ཉིན་ཚེ་ཡི་འདུ་བྱེད་བོན་ཉིད་དབྱིངས་སུ་རྫོགས་སོ། །
2

  «གནམ་འོག་གི་འཇིག་རྟེན»ནི་ཁོང་གི་རྩོམ་དེབ་ཀྱི་ཐོག་མ་ཡིན་ལ་དེའི་ནང་དུ་རྩོམ་ཡིག་བརྒྱ་དང་ཉེར་གཅིག་ཡོད། རྩོམ་ཡིག་རེ་རེར་སྟོབས་དང་ལྡན་པས་ཁོང་གི་བསམ་བློའི་སྒུལ་ཤུགས་རྫོགས་ཤིང་གཞོན་དུས་ཀྱི་ལང་ཚོའི་ཟུངས་ཁྲག་གིས་བཞེངས་སྐྲུན་བྱས་ཡོད་པས་ཁོང་ལ་གྲྭ་བཙུན་སྙན་ངག་པ་ཁྲི་བློ་གྲོས་སུ་གྲགས། ཁ་ཆེམས་ནི་སྙན་ངག་གི་འབོད་པ་རེ་རེ་ནི་བོད་རྒྱལ་གྱི་གོད་ཆག་དང་བོད་མིའི་ལས་དབང་གི་བསམ་གཞིག གཞན་གཅེས་ཀྱི་བསམ་བློ། གྲྭ་རྐྱང་གི་ལས་ལམ་ཁག་རེད་དོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།