༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་དཀར་ཆག་སྒྲིག་སྟངས་བསམ་འཆར་ཞུ་བྱེད་མའི་འཆར་འགོད།

༡ ལས་གཞིའི་མིང༌།      ༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་པར་སྐྲུན། ༢ ས་གནས།     ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་རྩེ་ཞིག་དགོན་པ། ༣ ལས་གཞིའི་འབྲེལ་གཏུགས་བྱེད་ས།     རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།     ཁ་པར། 0941-7179111 ༼ཁྱིམ༽ 13011107777 ༼ལག་འཁྱེར༽ ༤ མཉམ་འབྲེལ་བྱེད་སའི་ལས་ཁུངས།       李宁基金会 ༥ ལས་གཞིའི་ནང་དོན་དང་ད་ལྟའི་གནས་ཚུལ།    བོན་གྱི་ཤེས་རིག་ནི་བོད་གངས་ཅན་གྱི་ཤེས་རིག་དང་ཆོས་ལུགས་གྲུབ་མཐའ་ཡོངས་ཀྱི་ཐོག་མའི་རྐང་འབུས་སའི་ས་བོན་ལྟ་བུ་ཞིག་ཡིན་པས། ང་ཚོའི་བོད་གངས་ཅན་པའི་བསམ་བློའི་ཉིང་བཅུད་དང༌། ལྟ་བ། འདུ་ཤེས། འཚོ་བ་དངོས་སོགས་ཟོལ་བཅོས་ཀྱིས་མ་གོས་པར་མཚོན་པས་ན། ད་ལྟ་འཛམ་གླིང་ཡོངས་སུ་བོད་རིག་པ་ཞིབ་འཇུག་ཞེས་པའི་བོད་ཀྱི་རིག་གནས་ལ་ཕྱོགས་ཀུན་ནས་ཞིབ་འཇུག་དང་དོ་ཁུར་བླ་ལྷག་བྱེད་པའི་ཚ་རླབས་ཤིག་འཕྱུར་བཞིན་པའང་རྩ་བ་དེད་ན་བོན་གྱི་རིག་གནས་དང་གཏན་ནས་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་བློ་ལྡན་ཀུན་ལ་ངེས་ཤེས་ཟབ་མོ་འབྱུང་གི་ཡོད་པ་སྨྲ་མ་དགོས་པ་ཞིག་ཡིན། ཡིན་ཡང༌། ལོ་རྒྱུས་ཀྱི་འཚུབ་རླུང་དྲག་པོའི་ཁྲོད་བོན་གྱི་ཤེས་རིག་དང་བསྟན་པར་ཡིད་ཕངས་པའི་གྱོང་གུད་ཚབ་ཆེན་བྱུང་བ་སོགས་ཀྱི་རྐྱེན་པས། དེ་སྔོན་བོད་རྒྱུན་ནང་བསྟན་གྲུབ་མཐའ་ཡོངས་ཀྱི་ཁྲོད་ན་རང་གི་གྲུབ་མཐའི་རིག་གཞུང་སློབ་དེབ་ལེགས་སྒྲིག་དང་པར་སྐྲུན། འཚོལ་སྡུད་མྱུར་སྐྱོབ་བཅས་བྱེད་མ་ཐུབ་པའི་གྲུབ་མཐའ་གཅིག་ལུས་ཡོད་པ་ནི་གཡུང་དྲུང་བོན་གྱི་གྲུབ་མཐའ་གཅིག་པུ་རང་ཡིན་པ་ང་ཚོ་ཚང་མའི་མིག་མདུན་དུ་ལྷག་ཡོད་པ་ལྟར་རེད། དེ་བས། ངེད་རྩེ་ཞིག་གཡུང་དྲུང་བོན་བསྟན་འཕེལ་རྒྱས་གླིང་ནས་རྒྱལ་ཁབ་ཕྱི་ནང་དུ་གནས་པའི་བོན་གྱི་བཤད་གྲྭ་དང་སྒྲུབ་གྲྭ། སློབ་གླིང༌། དགོན་སྡེ་མང་པོའི་བསམ་འཆར་བསྡུ་ལེན་བྱས་ཐོག བོད་མི་རིགས་ཀྱི་ཤེས་རིག་དར་རྒུད་ལ་ཞེ་སེམས་རུས་པའི་གཏིང་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་མཁས་དབང་མང་བོར་བཀའ་འདྲི་བློ་འདྲི་སོགས་བྱས་ཏེ། བོན་གྱི་དཔེ་ཚོགས་པར་སྐྲུན་སྟོང་ཆར་ལུས་ཡོད་པ་དེ་ཉིད་མྱུར་དུ་ཁ་སྐོང་ཕྱིར། ༼ཞང་བོད་རིག་གཞུང་སློབ་དེབ༽ཅེས་པའི་གཡུང་དྲུང་བོན་གྱི་རིག་གཞུང་དཔེ་ཚོགས་དེབ་ཕྲེང་ཉི་ཤུ་ཐམ་པའི་མ་ཕྱི་འཚོལ་སྡུད་དང༌། དཀར་ཆག་གསར་བཟོ། ལེགས་སྒྲིག་དང་པར་བསྐྲུན་བཅས་ཀྱི་ལས་ཀ་སྒྲུབ་ཏེ། རང་མི་རིགས་ཀྱི་ཕ་མེས་ཡང་མེས་ཚོའི་ཟུངས་ཁྲག་དང་རྔུལ་ཆུ་ལས་བསྐྲུན་པའི་འཛམ་གླིང་ན་མཆོག་ཏུ་གྱུར་བའི་ཤེས་རིག་འདི་སྲུང་སྐྱོབ་དང་རྒྱུད་འཛིན་གྱི་བྱ་བར་རང་ནུས་ཅིཡོད་འབུལ་རྒྱུའི་བགྱི་བ་དོན་དུ་གཉེར་རྒྱུ་ཡིན། ༦ དཔེ་ཚོགས་འདི་ངེས་པར་པར་སྐྲུན་བྱེད་དགོས་པའི་རྒྱུ་མཚན།    བོད་མི་རིགས་ཀྱི་ཤེས་རིག་གི་སྙིང་བཅུད་དེ་གངས་ཏི་སེའི་རིག་གནས་སམ་བོན་གྱི་བསྟན་བཅོས་མང་པོས་ལོ་རྒྱུས་ཀྱི་ཕྲེང་ལམ་རིང་མོ་བརྒྱུད་དེ་དུས་མཚམས་འདིར་སླེབས་དུས། ཤིན་ཏུ་དཀོན་ལ་ཧ་ཅང་རྩ་ཆེ་བའི་གཞུང་ལུགས་གང་མང་ཞིག་གི་ཡིག་ཆ་ཕལ་ཆེ་བ་ཁ་འཐོར་གྱི་གནས་སུ་གྱུར་བ་དང༌། འགའ་རེ་ལྷ་ཁང་མཐོན་པོའི་དཔེ་མཛོད་ཡིག་ཚང་ནང་སྦས་ཏེ་ལྟ་ཀློག་བྱེད་དཀའ་བ། ཤིང་པར་རམ་ལག་བྲིས་ཅན་གྱི་ཡིག་ཆ་རེ་གཉིས་སྣང་ཡང་དེ་ཙམ་གྱིས་ཚང་མའི་འདོད་བློ་སྐོང་དཀའ་བ་སོགས་ཕྱི་ནང་གི་རྒྱུ་རྐྱེན་ཅི་རིགས་ཀྱིས་གངས་ཏི་སེའི་རིག་གནས་སམ་བོན་གྱི་བསྟན་པར་ཉམས་རྒུད་ཀྱི་གནད་དོན་ཚབས་ཆེན་ཞིག་མིག་མདུན་ལ་ལྷག་ཡོད་པའི་དུས་འདིར། མ་ཡིག་འཚོལ་བསྡུ་དང་དཔེ་དེབ་ལེགས་སྒྲིག པར་སྐྲུན་འགྲེམ་སྤེལ་བཅས་ཀྱི་ལས་ཀ་བསྒྲུབ་ཏེ། གཡུང་དྲུང་བོན་གྱི་བཤད་གྲྭ་དང་སྒྲུབ་གྲྭ། སློབ་གླིང༌། དགོན་སྡེ་ཁག་གི་སློབ་དེབ་ཀྱི་གནད་དོན་ཐག་གཅོད་བྱས་ཐོག་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་མཁས་པ་དང་ཞིབ་འཇུག་པ་རྣམས་ཀྱི་སྤྱན་ལམ་དུ་བསྟར་བ་དང༌། གཞན་སློབ་གྲྭ་ཆེ་འབྲིང་གི་ཟུར་ལྟའི་དཔྱད་ཡིག་དང་དེ་མིན་སྤྱི་སྒེར་གང་རུང་གིས་གཉེར་བའི་དཔེ་མཛོད་ཁང་དང་དགོན་སྡེ་མིང་གྲགས་ཅན་སོགས་སུ་གནང་འབུལ་བྱས་ཏེ་གནའ་བོའི་རིག་གཞུང་དང་བསྟན་བཅོས་འདི་དག་གི་དཔེ་རྒྱུན་ཡུན་རིང་སྲུང་སྐྱོབ་དང་ཉར་འཇོག་བཅས་ཀྱི་ལས་ཀ་ལེགས་པར་བསྒྲུབ་རྒྱུ་ནི་རང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་མི་རིགས་ཀྱི་ལས་དབང་ལ་རག་ལས་པའི་དོན་དག་གལ་ཆེན་ཞིག་ཡིན་པའི་མི་ཚད། འཛམ་གླིང་ཤེས་རིག་གི་བང་མཛོད་ལ་བླ་ན་མེད་པའི་ལེགས་སྐྱེས་ཤིག་ཀྱང་ཡིན། ༧ ལས་གཞིའི་ནང་དོན།     1 བསྡོམས་པས་དཔེ་དེབ་མགོ་འཚེམ་ཁྲི་བཞི་པར་སྐྲུན་བྱེད་རྒྱུ་དང༌། དེ་དག་ནི་བོན་གྱི་གལ་ཆེན་རིག་གཞུང་སློབ་དེབ་ཕྱོགས་སྒྲིག་སྐོར་དཔེ་ཚོགས་ཐོག་མ་ཡིན་ལ། སློབ་དེབ་ཆ་ཚང་གཅིག་ལ་དེབ་གྲངས་ཉེར་ལྔ་ཡོད་ཅིང་བསྡོམས་པས་སློབ་དེབ་ཆ་ཚང་སྟོང་གཉིས་དཔར་རྒྱུའི་འཆར་གཞི་ཡིན།    2 གཡུང་དྲུང་བོན་གྱི་སློབ་གླིང་དང་དགོན་སྡེ་ལྔ་བཅུ་ཐམ་པར་སློབ་དེབ་ཆ་ཚང་ 1500 འབུལ་གནང་མཛད་དེ་ཁོ་ཚོའི་སློབ་དེབ་ཀྱི་དཀའ་ངལ་སེལ་བར་བྱེད་རྒྱུ།

དཀར་      ཆག
དེབ་དང་པོ། སྟོན་པའི་མཛད་རྣམ་དང་ལོ་རྒྱུས། 1.༼མདོ་འདུས༽བཀའ། 2.༼བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན༽སྤ་བསྟན་རྒྱལ་བཟང་པོ།
དེབ་གཉིས་པ། བརྡ་དག་སྒྲ་སྦྱོར་གྱི་སྐོར། 1.༼བརྡ་སྤྲོད་ཉེར་བདུན་པ༽ གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བརྩམས། 2.༼བརྡ་དག་རིན་ཆེན་གཏེར་ཁྱིམ༽ ཀུན་བཟང་རྒྱལ་མཚན་གྱིས་བརྩམས། 3.༼བོད་སྐད་བརྡ་དག་གི་རྩ་ཚིག་འབེལ་གཏམ་ཉི་འོད་གཞོན་ནུ༽ ཉི་མ་བསྟན་འཛིན། 4.༼བརྡ་སྤྲོད་འབེལ་གཏམ་ཉི་འོད་ཀྱི་འགྲེལ་བ༽ དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན། 5.༼ཞང་བོད་ཀྱི་སྒྲ་བསྡེབས་ཉུང་བསྡུས༽ ཞུ་ཡས་ཉི་མ་གྲགས་པས་བརྩམས།
དེབ་གསུམ་པ། སྙན་ངག་མངོན་བརྗོད་ཀྱི་སྐོར། 1.༼གཙང་གཤེན་སྙན་ངག༽ ཚུལ་ཁྲིམས་རྒྱལ་མཚན་གྱིས་བརྩམས། 2.༼སྙན་ངག་རིན་ཆེན་ལྡེ་མིག༽ ཁྱུང་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བརྩམས། 3. ༼སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་འགྲེལ་བ༽ ཀུན་གྲོལ་གྲགས་པས་བརྩམས། 4.༼མངོན་བརྗོད་བསྟན་བཅོས་ལེགས་པར་བཤད་པ༽ གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན།
དེབ་བཞི་བ། རྩིས་ཀྱི་སྐོར། 1.༼སྣང་སྲིད་གསལ་བའི་མེ་ལོང་དང་འབྲས་རྩིས༽ ལུང་རྟོགས་རྒྱ་མཚོ། 2.༼དཔྱད་གསུམ་དག་རྩིས༽ གཡུང་དྲུང་རྒྱལ་མཚན་གྱིས་བརྩམས། 3.༼ བསྟན་རྩིས་མུན་པའི་སྒྲོན་མེ༽ བོན་བརྒྱ་རིན་པོ་ཆེ།
དེབ་ལྔ་བ། བཟོ་རིག་གི་སྐོར། 1.༼བདེར་བཤེགས་སྐུ་གདུང་སྐུ་གཟུགས་གཉིས་ཀྱི་ཐིག་རྩ༽ རྗེ་མཉམ་མེད། 2.༼ མཚན་མ་རྡུལ་ཚོན་གསལ་བྱེད་འཕྲུལ་གྱི་མེ་ལོང་༽ རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། 3.༼བཟོ་རིག་གསལ་བའི་རྒྱན༽ དཔོན་སློབ་བསྟན་འཛིན་རྣམ་དག་གིས་བརྩམས། 4.༼བདེར་གཤེགས་ཐུགས་རྟེན་ཕྱག་མཚན་གྱི་ངོས་འཛིན༽ བསྟན་འཛིན་རྣམ་དག 5.༼བདེར་གཤེགས་མཆོད་རྟེན་ཆ་བརྒྱད་ཀྱི་ཐིག་རྩ༽ ཀུན་བཟང་བློ་གྲོས། 6.༼བཟོ་རིག་རབ་གསལ་ཉི་མ༽ སྐྱོང་སྤྲུལ་དྲི་མེད་འོད་ཟེར་གྱིས་བརྩམས།
དེབ་དྲུག་པ། གསོ་རིག་སྨན་གཞུང་གི་སྐོར། 1.༼གསོ་རིག་འབུམ་བཞི༽ དཔྱད་བུ་ཁྲི་ཤེས་ཀྱིས་བརྩམས། 2.༼དཔྱད་བསྡུས་བདུད་རྩིའི་གྲུ་ཆར༽ སྐྱོང་སྤྲུལ་དྲི་མེད་འོད་ཟེར།
དེབ་བདུན་པ། བསྡུས་ཚད་བློ་རྟགས་ཀྱི་སྐོར། 1.༼ཐུན་མོང་བསྡུས་གྲྭའི་རྣམ་བཤད༽ ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད། 2.༼ཚད་མའི་སྙིང་བོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ༽འགྲོ་མགོན་བློ་གྲོས་རྒྱལ་མཚན། 3.༼ཚད་མ་རྣམ་འགྲེལ་སྒྲོན་མེའི་གཞུང༽རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་བརྩམས། 4.༼ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ༽རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། 5.༼ཚད་བསྡུས་ཤེས་བྱ་ཀུན་གསལ༽རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་བརྩམས། 6.༼ཚད་མའི་མཐའ་ཕྲེང༽རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱིས་བརྩམས། 7.༼ ཚད་མའི་མཐའ་ཕྲེང་༽རྣམ་དག་འོད་ཟེར་གྱིས་བརྩམས། 8. ༼གཏན་ཚིགས་རྟགས་རིག་གི་རྣམ་བཤད༽དཔོན་སློབ་ཡོན་ཏན་རྒྱ་མཚོ།
དེབ་བརྒྱད་པ། ཐེག་རིམ་རྩ་འགྲེལ་གྱི་སྐོར། 1.༼ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད༽རྫོགས་སྐུ་གཤེན་ལྷ་འོད་དཀར། 2.༼ཐེག་པའི་རིམ་པ་མངོན་དུ་བྱེད་པའི་མདོ་རྒྱུད་ཀྱི་འགྲེལ་བ༽སྟོན་པ་གཤེན་རབ་མི་བོ། 3.༼མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིག་མདོའི་འགྲེལ་བ༽ སྒ་སྟོན་ཤེས་རབ་འོད་ཟེར། 4.༼ ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ལ་རྩོད་སྤོང་སྨྲ་བའི་སེང་གེ ༽ སྟོན་པ་གཤེན་རབ་ཀྱི་བཀའ། 5.༼ ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལོང ༽ སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། 6.༼ རྗེ་རིན་པོ་ཆེའི་ཐེག་འགྲེལ༽ རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་བརྩམས། 7.༼ཐུཊ་རྗེ་སེམས་དཔའི་ལུཊ་ཀྱི་མཚན་ཉིད་གསུམ་གྱི་རྣམ་བཞག༽སངས་རྒྱས་བསྟན་འཛིན།
དེབ་དགུ་བ། ལམ་རིམ་བློ་སྦྱོང་གི་སྐོར། 1.༼དྲང་དོན་མུན་སེལ་སྒྲོན་མ༽ བླ་ཆེན་དྲན་པ་ནམ་མཁས་བརྩམས། 2.༼བྱང་ཆུབ་སྒྲུབ་ཐབས་ཀྱི་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་བ༽མེ་སྟོན་ཤེས་རབ་འོད་ཟེར། 3.༼བོན་ཚིཊ་སུ་བཅད་པ་སུམ་བརྒྱ་ཉི་ཤུ་བའི་རྣམ་བཤད༽གཤེན་སྟོན་ནམ་མཁའ་རྒྱལ་མཚན།
དེབ་བཅུ་བ། ས་ལམ་གྱི་སྐོར། 1.༼བྱམས་མ་འབུམ་ལྔ༽སྟོན་པ་གཤེན་རབ་ཀྱི་བཀའ། 2.༼ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་འཕྲུལ་གྱི་ལྡེ་མིག༽འགྲོ་མགོན་བློ་གྲོས་རྒྱལ་མཚན། 3.༼ས་ལམ་བསྡུས་མ༽འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་བརྩམས། 4.༼གཞི་ལམ་རྣམ་འབྱེདརྩ་འགྲེལ་གཉིས༽སྒ་སྟོན། 5.༼ས་ལམ་འཕྲུལ་གྱི་སྒྲོན་མེའི་གཞུང༽ རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། 6.༼ས་ལམ་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ༽ རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། 7.༼ས་ལམ་བསྡུས་དོན༽རྗེ་རིན་པོ་ཆེ།
དེབ་བཅུ་གཅིག་པ། ཤེར་ཕྱིན་སྔ་དུམ་སྐོར་གྱི་སློབ་དེབ། 1.༼ཁམས་ཆེན་པོ་བརྒྱད་དང་མཚོན་བྱེད་ཞེ་ལྔའི་རྣམ་བཞག༽བསྟན་འཛིན་རྣམ་དག 2.༼སྡུད་པ་ཚིགས་སུ་བཅད་པ༽སྟོན་པགཤེན་རབ་ཀྱི་བཀའ། 3.༼ བསྡུས་འགྲེལ་གསལ་སྒྲོན ༽ རྗེའི་གསུང༌། 4.༼ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པའི་མངོན་རྟོགས༽རྨེའུ་ཚུལ་ཁྲིམས་དཔལ་ཆེན།
དེབ་བཅུ་གཉིས་པ། ཤེར་ཕྱིན་ཕྱི་དུམ་གྱི་སྐོར། 1.༼ཤེས་རབ་ཕ་རོལ་དུ་ཕྱིན་པ་མངོན་རྟོགས་ལམ་གྱི་སྐབས་དང་པོ༽ཉི་མ་བསྟན་འཛིན། 2. ༼ཤེས་རབ་ཕ་རོལ་དུ་ཕྱིན་པ་མངོན་རྟོགས་ལམ་གྱི་སྐབས་གཉིས་པ༽ རྣམ་དག་འོད་ཟེར། 3.༼ ཤེས་རབ་ཕ་རོལ་དུ་ཕྱིན་པ་མངོན་རྟོགས་ལམ་གྱི་རིམ་པའི་རྣམ་བཤད་སྐབས་གསུམ་པ ༽ 4.༼ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་རྟོགས་ལམ་གྱི་རིམ་པའི་རྣམ་བཤད་སྐབས་བཞི་བ ༽ 5.༼ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་རྟོགས་ལམ་གྱི་རིམ་པའི་རྣམ་བཤད་སྐབས་ལྔ་བ ༽ 6.༼ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་རྟོགས་ལམ་གྱི་རིམ་པའི་རྣམ་བཤད་སྐབས་དྲུག་པ༽ 7.༼ ཤེས་རབ་ཕ་རོལ་དུ་ཕྱིན་པ་མངོན་རྟོགས་ལམ་གྱི་རིམ་པའི་རྣམ་བཤད་སྐབས་བདུན་པ ༽ 8.༼ཤེས་རབ་ཕ་རོལ་དུ་ཕྱིན་པ་མངོན་རྟོགས་ལམ་གྱི་རིམ་པའི་རྣམ་བཤད་སྐབས་བརྒྱད་པ༽
དེབ་བཅུ་གསུམ་པ། དབུ་མའི་སྐོར། 1.༼དབུ་མ་བདེན་གཉིས་རྩ་འགྲེལ༽མེ་སྟོན་ཤེས་རབ་འོད་ཟེར་གྱིས་བརྩམས། 2.༼ ཟབ་མོ་སྟོང་བ་ཉིད་དེ་ཁོ་ན་གསལ་བར་བྱེད་པའི་རྣམ་བཤད ༽ རྒྱལ་མཚན་མཆོག་ལེགས། 3.༼དབུ་མའི་འགྲེལ་བ༽རྗེ་རིན་པོ་ཆེ། 4.༼ དབུ་མའི་ཟིན་བྲིས ༽ དཔོན་སློབ་སངས་རྒྱས་བསྟན་འཛིན་གྱིས་བརྩམས། 5.༼དབུ་མའི་ཟིན་བྲིས༽དཔོན་སློབ་བསྟན་འཛིན་རྣམ་དག་གིས་བརྩམས།
དེབ་བཅུ་བཞི་བ། སྣང་སྲིད་མཛོད་ཕུག་གི་སྐོར།1.༼སྲིད་པའི་མཛོད་ཕུག༽སྟོན་པའི་བཀའ། 2.༼སྒ་སྟོན་མཛོད་རྩ་ཀུན་བཏུས༽སྒ་སྟོན་གྱིས་བརྩམས། 3.༼སྣང་སྲིད་མཛོད་ཕུག་གི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ༽ རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། 4.༼འགྲོ་མགོན་ཀྱི་མཛོད་འགྲེལ༽ 5.༼སྲིད་པའི་མཛོད་ཕུག་གི་རྩ་བསྡོམས་རྒྱལ་བསྟན་གསལ་རྒྱན༽བསྟན་འཛིན་རྣམ་དག
དེབ་བཅོ་ལྔ་བ། འདུལ་བ་རྒྱས་བསྡུས་ཀྱི་སྐོར།1.༼བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད༽(རྒྱུད་དྲུག་རྩ་བ) 2.༼ འདུལ་བ་མདོར་བསྡུས་པའི་གཞུང ༽ མེ་སྟོན་ཤེས་རབ་འོད་ཟེར་གྱིས་བརྩམས། 3.༼འདུལ་བ་ཀུན་འདུས་ལས་བཏུས་པའི་གཞུང༽མེ་སྟོན་ཤེས་རབ་འོད་ཟེར། 4.༼འདུལ་བ་མདོར་བསྡུས་ཀྱི་འགྲེལ་བ༽རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། 5.༼བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ༽རྗེ་མཉམ་མེད། 6.༼ འདུལ་བའི་ལས་མཆོག་རིན་ཆེན་ཐེམ་སྐས ༽ རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། 7.༼རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ༽ ཀུན་མཁྱེན་ཉི་མ་བསྟན་འཛིན། 8.༼སོ་སོ་ཐར་བའི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན༽ དཔོན་སློབ་བསྟན་འཛིན་རྣམ་དག
དེབ་བཅུ་དྲུག་པ། སྡེ་སྣོད་མཛོད༌། 1.༼སྡེ་སྣོད་མཛོད༽ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས།
དེབ་བཅུ་བདུན་པ། སྤྱི་སྤུངས་བསེན་ཐུབ་ཀྱི་སྐོར། 1.༼གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་རྒྱུད༽སྟོན་པ་འཆི་མེད་གཙུག་ཕུད། 2.༼རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་ཀྱི་འགྲེལ་བ༽ འགྲོ་མགོན་བློ་གྲོས་རྒྱལ་མཚན།
དེབ་བཅོ་བརྒྱད་པ། གསང་སྔགས་རྒྱུད་དྲུག་གི་སྐོར། 1.༼ ལྷོ་གཏེར་ཁྲོ་བོ་རྒྱུད་དྲུག ༽ ཁུ་ཚ་ཟླ་འོད་ཀྱིས་གཏེར་ནས་བཏོན། 2.༼གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ༽ རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། 3.༼གསང་བའི་དམ་ཚིག་གི་རྣམ་དབྱེ་གསལ་བ་འོད་ཀྱི་རྒྱན༽ རྗེ་མཉམ་མེད། 4.༼གསང་དོན་རྣམ་འབྱེད་ཀྱི་འགྲེལ་བ༽ དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བརྩམས།
དེབ་བཅུ་དགུ་པ། གསང་སྔགས་བཀའ་འགྲེལ་གྱི་སྐོར། 1.༼གསང་སྔགས་ཀྱི་རྣམ་པར་བཤད་པའི་བཀའ་འགྲེལ༽ དཔོན་སློབ་བསྟན་འཛིན་རྣམ་དག 2.༼མཁའ་འགྲོ་གསང་གཅོད་ཀྱི་དམིགས་ཁྲིད་རིག་འཛིན་ཞལ་ལུང༽ 3.༼རྩེ་ཞིག་གཅོད་འགྲེལ་ཆེན་མོ༽རྩེ་ཞིག་ཆོས་རྗེ་རྒྱལ་བ་ཚུལ་ཁྲིམས།
དེབ་ཉི་ཤུ་བ། གསང་སྔགས་མ་རྒྱུད་ཀྱི་སྐོར། 1.༼གསང་མཆོག་མཐར་ཐུག་མ་རྒྱུད་ཐུགས་རྗེ་ཉི་མ་གཞི་ཡེ་སངས་རྒྱས་པའི་རྒྱུད༽ 2.༼གསང་མཆོག་མཐར་ཐུག་མ་རྒྱུད་ཐུགས་རྗེ་ཉི་མ་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད༽ 3.༼མ་རྒྱུད་ཐུགས་རྗེ་ཉི་མའི་འབྲས་བུའི་རྒྱུད༽ སྤྲུལ་སྐུ་གུ་རུ་རྣོན་རྩེས་གཏེར་ནས་བཏོན། 4.༼ འགྲེལ་གྱི་དབུ་འཆད ༽ དམྱལ་སྟོན་གཞོན་ནུས་བརྩམས། 5.༼གཞི་ཡེ་སངས་པའི་རྒྱུད་འགྲེལ༽ རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་གསུང༌། 6.༼ལམ་མངོན་སངས་རྒྱས་པའི་རྒྱུད་འགྲེལ༽རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་གསུང༌། 7.༼ འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱི་དགོངས་འགྲེལ ༽ ཤར་རྫ་བཀྲ་ཤིས་རྒྱལ་མཚན། 8.༼མ་རྒྱུད་ཡེ་ཤེས་ཐིག་ལེའི་མཆན་འགྲེལ༽ དཔོན་སློབ་བསྟན་འཛིན་རྣམ་དག 9.༼བར་དོའི་འགྲེལ་བ༽དཔོན་སློབ་བསྟན་འཛིན་རྣམ་དག་གིས་བརྩམས།
དེབ་ཉེར་གཅིག་པ། རྫོགས་ཆེན་ཚད་མའི་སྐོར། 1.༼ མན་ངག་ལུང་གི་ཚད་མ་རྩ་འགྲེལ་གཉིས ༽ ལོ་པཎ་མཁས་པ་མི་བཞིས་གསུང༌། 2.༼རྩོད་སྤངས་སྨྲ་བའི་སེང་གེ༽སྟོན་པའི་བཀའ། 3.༼ བོན་ཐམས་ཅད་ཡང་མཛོད་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག ༽ བླ་ཆེན་དྲན་པ་ནམ་མཁའ། 4.༼བོན་ཐམས་ཅད་ཀྱི་ཡང་སྙིང་གཏན་ཚིགས་ངེས་པའི་གལ་མདོ༽སློབ་དཔོན་ཤ་རི་དབུ་ཆེན། 5.༼གཏན་ཚིགས་གལ་མདོ་རིག་པའི་ཚད་མ༽པཎ་ཆེན་ལི་ཤུ་སྟག་རིང་གིས་གསུང༌། 6.༼ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ༽འགྲོ་མགོན་བློ་གྲོས་རྒྱལ་མཚན། 7.༼ཤ་རིའི་གལ་མདོའི་རྣམ་བཤད༽དཔོན་སློབ་བསྟན་འཛིན་རྣམ་དག 8.༼དོགས་སེལ་འགའ་ཞིག་གླེང་བའི་ལེའུ༽དཔོན་སློབ་བསྟན་འཛིན་རྣམ་དག 9.༼ངེས་དོན་ནམ་མཁའ་འཕྲུལ་མཛོད༽བླ་ཆེན་དྲན་པ་ནམ་མཁས་གསུང༌།
དེབ་ཉེར་གཉིས་པ། ཨ་སྙན་ཕྱག་ཁྲིད་ཀྱི་སྐོར། 1.༼ཨ་ཁྲིད་ཐུན་མཚམས་བརྒྱད་དམ་བཅུ་བ་ཟུར་བཀོད༽སུམ་ལྡན་གཡོར་པོ་མེ་དཔལ་སོཊ། 2.༼ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ་མ་བུ་བཅས་བཞུགས༽བྲུ་ཆེན་རྒྱལ་བ་གཡུང་དྲུང༌། 3.༼ཀེགས་སེལ་མུན་སེལ་སྒྲོན་མེ༽འགྲོ་མགོན་བློ་གྲོས་ཀྱིས་བརྩམས། 4.༼སྐུ་གསུམ་རང་ཤར༽ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། 5.༼ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད༽བྲུ་ཆེན་རྒྱལ་བ་གཡུང་དྲུང་གིས་གསུང༌།
དེབ་ཉེར་གསུམ་པ། རྫོགས་ཆེན་ཀློང་སྡེའི་སྐོར། 1.༼ཡེ་ཁྲི་མཐའ་སེལ༽ 2.༼ཡང་རྩེ་ཀློང་ཆེན༽ལི་ཤུ་སྟག་རིང་གིས་མཛད།
དེབ་ཉེར་བཞི་བ། རྫོགས་ཆེན་སེམས་སྡེའི་སྐོར། 1.༼ བྱང་སེམས་གབ་པ་དགུ་སྐོར ༽ གཤེན་ཆེན་ཀླུ་དགས་གཏེར་ནས་བཏོན། 2.༼གསས་མཁར་གཡུང་དྲུང་ཡེ་ཁྱབ་ལྟ་བའི་རྒྱུད༽རོང་མགར་སྟོན་ཁྲོ་འདུལ། 3.༼མཁས་བཞིའི་གབ་འགྲེལ་རིག་པའི་རྒྱ་མཚོ༽མཁས་པ་མི་བཞིས་མཛད། 4.༼ བྱང་སེམས་གབ་པའི་འགྲེལ་བ ༽ རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་བརྩམས།
དེབ་ཉེར་ལྔ་བ། རྫོགས་ཆེན་མན་ངག་གི་སྡེའི་སྐོར། 1.༼ཞང་ཞུང་སྙན་རྒྱུད་སྐོར་བཞི་བླ་མ་བརྒྱུད་པའི་རྣམ་ཐར་དང་བཅས་པ༽
༨ སྔོན་དཔག་བྱས་པའི་མཐའ་འབྲས།     1 ཞང་བོད་རིག་གཞུང་སློབ་དེབ་དཔེ་ཚོགས་དེབ་ཕྲེང་ཉི་ཤུ་ཐམ་པའི་གྲངས་ཚད་ཅན་འདི་ནི་བོན་བསྟན་རིག་གཞུང་གསུང་རབ་ཁག་གི་རིག་པའི་ཉིང་བཅུད་གཅིག་ཏུ་བསྡུས་ཏེ་གཅེས་སྒྲིག་མཛད་པ་ལེགས་ཕྱིར། གཡུང་དྲུང་བོན་གྱི་རིག་གཞུང་གི་སྒོ་མོ་ཅིག་ཆར་འབྱེད་པའི་བླ་ན་མེད་པའི་ལྡེ་མིག་ཞིག་དང་ཀུན་ནས་མཚུངས་ལ། དེབ་སོ་སོའི་དབུར་གཞུང་གི་དགོངས་པ་མཐུན་པའི་ཞིབ་ཕྲའི་དཀར་ཆག་ངེད་ཚོགས་པའི་གསར་དུ་འགོད་རྩིས་ཡིན་པས་ཀློག་པ་པོར་སྟབས་བདེ་གང་ལེགས་འབྱུང་ངེས་ཡིན། དཔེ་དེབ་ཆེ་ཆུང་ཁེ་སོ་གཉིས་མ་ཡིན་པ་དང་ཆ་སྙོམས་དེབ་གཅིག་ལ་ཤོག་ངོས་སྟོང་གཅིག་ཉིས་བརྒྱ་ཡོད་པ་ཚད་གཞི་བྱས་ནས་དཔར་རྒྱུ་དང༌། དེབ་གཅིག་ཚར་གྲངས་༢༠༠༠དཔར་རྒྱུའི་འཆར་གཞི་ལྟར་རྩིས་ན་བསྡོམས་པའི་མགོ་འཚེམ་ཁྲི་བཞིའི་གྲངས་ལོན་རྒྱུ་རེད།    2 གཡུང་དྲུང་བོན་གྱི་བཤད་གྲྭ་དང་སྒྲུབ་གྲྭ་དགོན་སྡེ་སློབ་གླིང་ལྔ་བཅུ་ཐམ་པར༼ཞང་བོད་རིག་གཞུང་སློབ་དེབ༽དཔེ་ཚོགས་ཆ་ཚང་ཚར་༡༥༠༠ དངོས་འབུལ་བྱེད་རྒྱུའི་འཆར་གཞི་ལྟར་ན་ཁྱོན་དེབ་གྲངས་༣༠༠༠འབུལ་དགོས་པ་ལ་དཔེ་དེབ་ཡོངས་ཀྱི་75%ཟིན།     3 གཡུང་དྲུང་བོན་བསྟན་ཞིབ་འཇུག་དཔེ་མཛོད་ཁང་རྩེ་ཞིག་དགོན་པར་བཙུགས་ནས་འཕྲོ་ཡོད་དཔེ་ཆའི་སྐོར་གནས་སྐབས་སུ་དེ་གར་ཉར་ཚགས་བྱེད་རྒྱུ་དང༌། དཔེ་ཆ་མང་ཆེ་ཤོས་རྒྱལ་ནང་གི་གལ་ཆེའི་སློབ་གྲྭ་ཆེ་འབྲིང་གི་དཔེ་མཛོད་ཁང་དང་ཞིབ་འཇུག་ལྟེ་གནས། ནང་བསྟན་མཐུན་ཚོགས་བཅས་སུ་འབུལ་རྒྱུ་ཡིན་ལ། གཞན་༼ཞང་བོད་རིག་གཞུང་སློབ་དེབ༽པར་སྐྲུན་རླབས་ཆེ་བའི་ལས་དོན་ཐོག་མ་ཇི་ལྟར་ལེགས་འགྲུབ་བྱུང་ཚུལ་གྱི་ལོ་རྒྱུས་རྗེས་སུ་དྲན་ཕྱིར་འཕྲོ་ཡོད་དཔེ་དེབ་ཚང་མ་རྩེ་ཞིག་དགོན་པའི་དཔེ་མཛོད་ཁང་ནས་ཡུན་དུ་ཉར་རྒྱུའི་འཆར་གཞི་ཡིན། ༩ ལས་གཞིའི་དོ་དམ།     གོང་ཞུས་ལས་གཞི་འདི་ཉིད་ལ་གལ་སྲིད་ལག་བསྟར་གྱི་ཆོག་མཆན་ཐོབ་ཚེ། བསང་ཆུ་རྫོང་ཆོས་ལུགས་ཅུའུ་ཅུའུ་ཀྲང་བློ་མཐུན་ཚེ་རིང་རྡོ་རྗེ་མཆོག་ནས་གཞུང་ལས་ཁང་གི་ཀྲུའུ་རིན་ཀྱི་འགན་ཁུར་བཞེས་རྒྱུ་དང༌། གཞུང་སྒྲུབ་ཁང་གི་མི་སྣ་རུ།      ཤེས་རབ་བསྟན་པའི་ཟླ་བ།༼གཡུང་དྲུང་བོན་བསྟན་ཞིབ་འཇུག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཞོན༽ཁྱུང་མོང་སྟོབས་ལྡན་དབང་ཕྱུག་རིན་པོ་ཆེ། ༼མཚོ་སྔོན་ཁྲི་ཀ་རྫོང་ཁྱུང་མོང་དགོན་པའི་དགོན་བདག་བླ་མ༽ ཚུལ་ཁྲིམས་བསྟན་པ་འབྲུག་གྲགས། ༼མཚོ་སྔོན་རེབ་གོང་བོན་བརྒྱ་དགོན་པའི་མཁན་པོ༽བློ་གྲོས་རྣམ་རྒྱལ། ༼ཀན་ལྷོ་རྩེ་ཞིག་དགོན་པའི་བདག་གཉེར་ཀྲུའུ་རིན་གཞོན་པ༽བཅས་ཁྱོན་མི་དྲུག་པོ་བདམས་ཏེ་ལས་གཞི་ལེགས་འགྲུབ་འབྱུང་བའི་ཆེད། གཞུང་སྒྲུབ་ཁང་ནས་བརྟག་དཔྱད་གཟབ་ནན་ངང་ལས་དོན་འགན་ལེན་མཐའ་འཁྱོངས་བྱེད་རྒྱུ་མ་ཟད། ལས་གཞི་འདི་ཉིད་སྔོན་དཔག་དམིགས་ཚད་ནང་བཞིན་འགྲུབ་ཐུབ་པར་ཁག་ཐེག་ནན་ཏན་བྱེད་རྒྱུ་ཡིན།

ཞེས་རྩེ་ཞིག་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ནས།
༢༠༠༧ལོའི་ཟླ༡༢ཚེས༡༣ཉིན་གུས་ཕུལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།