ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུམ་འབུམ་དེབ་གཟུགས་སུ་པར་བསྐྲུན་འགྲེམས་སྤེལ་བྱས་པ།

123422205
1233355517

«ཞང་བོད་ཤེས་རིག་ཚོགས་པ»འི་ཚོགས་གཙོ་སྣང་མཐའ་བསྟན་འཛིན་ཉི་མ་ལགས་ཀྱིས«ཞང་བོད་ཤེས་རིག་ཚོགས་པའི་དཔེ་ཚོགས་»ཁང་ནས་གནའ་བོའི་ཆོས་དང་རིག་གཞུང་མི་ཉམས་གཅེས་སྲུང་བྱ་རྒྱུའི་ལས་འཆར་དུ་མ་ཡོད་པའི་ནང་ནས། སངས་རྒྱས་གཡུང་དྲུང་བོན་གྱི་གསུང་རབ་ཆེ་ཁག་ལས«ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ»ལ་རྒྱུ་ཚེགས་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་གྲངས་སྟོང་ཕྲག་གཉིས་འགྲེམས་སྤེལ་བྱས་ཡོད། བསྡོམས་པས་པོད་གྲངས་བཅུ་བཞི་ཡོད་དེ། པོད་དང་པོའི་ནང་དུ། «སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱུ་མཚོ»སོགས་བཀོད་ཡོད་ལ། པོད་གཉིས་པའི་ནང་དུ«མན་ངག་རིན་པོ་ཆེ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་དངོས་གཞིའི་ཡང་ཏིག་རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར»སོགས། པོད་གསུམ་པའི་ནང་དུ«གསང་བ་སྔགས་ཀྱི་བསྙེན་བསྒྲུབ་ལས་གསུམ་རྣམ་པར་འབྱེད་པ་ལྷ་གཉེན་ཤེལ་སྒོང་»སོགས། པོད་བཞི་པའི་ནང་དུ«སྡོམ་གསུམ་རྣམ་པར་འབྱེད་པའི་བཀའ་བརྟེན་གྱི་ས་བཅད་རིག་པའི་ལྡེ་མིག་»སོགས། པོད་ལྔ་བའི་ནང་དུ«ལུང་རིགས་རིན་པོ་ཆེའི་མཛོད་»སོགས། པོད་དྲུག་པའི་ནང་དུ«སྐྱབས་འགྲོ་དང་བྱང་སྡོམ་ཞིང་སྨོན་རྣམ་གསུམ་རྩ་འགྲེལ་»སོགས། པོད་བདུན་པའི་ནང་དུ«སྡེ་སྣོད་རིན་པོ་ཆེའི་མཛོད་ཡིད་བཞིན་འབྱུང་བའི་གཏེར་ཞེས་བྱ་བ་། སྟོད་ཆ།» པོད་བརྒྱད་པའི་ནང་དུ « སྡེ་སྣོད་རིན་པོ་ཆེའི་མཛོད་ཡིད་བཞིན་འབྱུང་བའི་གཏེར་ཞེས་བྱ་བ་། སྨད་ཆ།» པོད་དགུ་བའི་ནང་དུ«ལེགས་བཤད་རིན་པོ་ཆེའི་མཛོད་དཔྱོད་ལྡན་དགའ་བའི་ཆར་»སོགས། པོད་བཅུ་བའི་ནང་དུ«ཡང་ཟབ་ནམ་མཁའ་མཛོད་ཆེན་ལས། ཟབ་གདམས་ཁྲིད་ཀྱི་སྐོར། སྟོད་ཆ།» པོད་བཅུ་གཅིག་པའི་ནང་དུ « ཡང་ཟབ་ནམ་མཁའ་མཛོད་ཆེན་ལས། བདེ་འདུས་ཟིན་རིས་ཤེལ་དཀར་མེ་ལོང་། སྨད་ཆ།» པོད་བཅུ་གཉིས་པའི་ནང་དུ «དབྱིངས་རིག་རིན་པོ་ཆེའི་མཛོད་གསང་བ་ངེས་པའི་རྒྱན་ཅེས་བྱ་བ། སྟོད་ཆ།» པོད་བཅུ་གསུམ་པའི་ནང་དུ « དབྱིངས་རིག་རིན་པོ་ཆེའི་མཛོད་གསང་བ་ངེས་པའི་རྒྱན་ཅེས་བྱ་བ། སྨད་ཆ།» པོད་བཅུ་བཞི་བའི་ནང་དུ «ཤར་རྫའི་གྲུབ་དབང་མངྒ་ཝེར་ཞི་ཡི། ཞལ་གདམས་སྐལ་བཟང་རྒྱུད་སྨིན་སྐོར»བཅས་བཞུགས་ཡོད།

སྣང་མཐའ་བསྟན་འཛིན་ཉི་མ། 13666199992    0873–2487371 E-mail: nangtanima@yahoo.com.cn

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།