《མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་མི་ཚེ་དང་ལྟ་གྲུབ་སྐོར་ལ་དཔྱད་པ》ཞེས་པ་པར་དུ་བསྐྲུན།

ནང་དོན་གནད་བསྡུས།

《མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་མི་ཚེ་དང་ལྟ་གྲུབ་སྐོར་ལ་དཔྱད་པ》ཞེས་པའི་ཆེད་དེབ་འདིར་སྤྱིའི་ནང་དོན་གཙོ་བོ་གཉིས་འདུས་ཏེ།  གཅིག་ནི་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་མི་ཚེའི་ལོ་རྒྱུས་ཐད་འབྲེལ་ཡོད་རྣམ་ཐར་ཡིག་ཆ་རྣམས་གོ་བསྡུར་ནས་སྐྱོན་སེལ་བྱས་ཤིང་གུང་བསྒྲིགས་ཡོད་པ་དང་། གཉིས་ནི་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དབུ་མའི་ལྟ་གྲུབ་དང་། ཚད་མའི་ལྟ་གྲུབ། འདུལ་བའི་ལྟ་གྲུབ་སོགས་ལ་དཔྱད་ཞིབ་བྱས་ཡོད། ལྟ་གྲུབ་ཐད་ནས་གཙོ་བོ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་བོན་གྱི་མཁས་གྲུབ་སྔ་མའི་ལྟ་བའི་སྟེང་དུ་ཐོལ་བརྒལ་རང་བཞིན་གྱི་ལྟ་བ་གསར་པ་ག་འདྲ་བཏོན་ཡོད་པ་རྩལ་དུ་བཏོན་ནས་བྲིས་ཡོད། མཇུག་མཐར་མཉམ་མེད་ཤེས་རབ་རྒྱལ་མཚན་བོན་ལུགས་དགོན་སྡེའི་སློབ་གཉེར་ལམ་ལུགས་དང་འདུལ་ཁྲིམས་ཐད་བཅོས་བསྒྱུར་གནངས་པའི་མཛད་རྗེས་རྣམས་བན་བོན་ཆུ་བོ་གཅིག་འདྲེས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ཆེན་པོའི་ཁྲོད་དུ་བཞག་ནས་དཔྱད་འཇོག་བྱས་པ་བཅས་སོ།།

རྩོམ་པ་པོ་ངོ་སྤྲོད།

རྩོམ་པ་པོ་སྐལ་བཟང་བཀྲ་ཤིས་ནི་མདོ་སྨད་ཡ་རྫིའི་མི་ཡིན། ༢༠༡༥ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་ནས་འབུམ་རམས་པའི་བསླབ་གནས་བླངས། ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་གཞོན་པ་ཡིན།

རྩོམ་པ་པོ། སྐལ་བཟང་བཀྲ་ཤིས།    རྩོམ་ཁུངས། ཧི་མ་ལ་ཡའི་བོན།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།