སློབ་དཔོན་ཐོན་མིའི་སུམ་ཅུ་བའི་མཆོད་བརྗོད་གསུམ་པར་དཔྱད་པ།

སློབ་དཔོན་ཐོན་མིའི་སུམ་ཅུ་བའི་མཆོད་བརྗོད་གསུམ་པར་དཔྱད་པ།
དོན་གྲུབ་རྒྱལ།

 ༄༅། ། སུམ་ཅུ་བའི་མཆོད་བརྗོད་གསུམ་པར“གང་གིས་མིང་གཞི་སྔོན་གསུངས་པ།། རྟག་ཞི་བ་ལ་ཕྱག་འཚལ་ལོ།།”ཞེས་པའི་རྟག་ཞི་བ་དེ་སུམ་ཅུ་བའི་འགྲེལ་བ་མང་ཆེ་བ་རྣམས་སུ། སངས་རྒྱས་དང་སྤྱན་རས་གཟིགས། འཇམ་དབྱངས། དབང་ཕྱུག ཁྱབ་འཇུག ཚངས་པ་སོགས་སུ་ངོས་འཛིན་བྱས་ཡོད་ལ། དེ་རྣམས་རེ་རེ་བཞིན་དུའང་སྣར་ལོ་དགེ་དཔལ། པཎ་ཆེན་བྱམས་གླིང་བ། རྗེ་ཟུར་མཁར་བ། རབ་འབྱམས་ཆོས་རྒྱལ། སྨན་ལུང་བ། རྣམ་གླིང་པཎ་ཆེན། རྡོ་རིང་པཎྚྀ་ཏ་སོགས་ཀྱི་འགྲེལ་བར་རྟག་ཞི་བ་དེ་སྤྱན་རས་གཟིགས་ལ་བཞེད་པ་དང། ལོ་ཆེན་ནམ་བཟང༌། དགེ་ཡེ་ཚུལ་སེང༌། འོལ་བ་རབ་འབྱམས་པ། གཏིང་སྐྱེས་བློ་ཆོས། དཀར་ལེབས་དྲུང་ཡིག་སོགས་ཀྱི་འགྲེལ་བར་རྟག་ཞི་བ་ལྷ་ཚངས་པར་བཞེད་པ་དང༌། མཁན་པོ་རིན་ཆེན་ཏོག་ནི་ཕྱི་རོལ་བའི་ལྷ་རྟག་ཞི་བ་ཞེས་པ་ཞིག་ལ་བཞེད། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་བོ་ནི་ཕྱི་ནང་གི་ལྷ་འདི་ཞེས་གསལ་ཁ་མེད་པར་རྟག་ཞི་བ་ཞེས་པ་ཞིག་ལ་བཞེད། ཞ་ལུ་བ་ཆོས་ལེགས་ཀྱིས་ཁྱབ་འཇུག་ཏུ་བཞེད། སི་ཏུ་པཎ་ཆེན་དང་རྗེ་དངུལ་ཆུ་བ། ལྷག་བསམ་པ། གསེར་ཏོག་བློ་བཟང་ཚུལ་རྒྱམ་སོགས་ཀྱིས་ཕྱི་རོལ་བའི་ལྷ་དྲག་པོ་དབང་ཕྱུག་ཆེན་པོར་བཞེད། དམུ་དགེ་བསམ་གཏན་སོགས་ཀྱིས་ཚངས་པ་དང་ཁྱབ་འཇུག་གཉིས་ཀར་ངོས་འཛིན་པ་སོགས་སོ་སོའི་དགོངས་བཞེད་ཕྱོགས་གཅིག་ཏུ་མི་འབབ་པ་ཞིག་ཏུ་གྱུར་ཡོད་སྟབས། བོད་ཕྱི་རབས་པ་རྣམས་ཀྱིས་ཧ་ཅང་དཔྱད་གཞི་ཆེ་སྙམ།
༡、 རྟག་ཞི་བ་ལྷ་ཚངས་པར་ངོས་འཛིན་པ་རྣམས་ལ་དཔྱད་གཞི་འདི་འདྲ་ཡོད་དེ། བཀའ་འགྱུར་གྱི་མདོ་རྒྱ་ཆེར་རོལ་བ་ལས། ཡིག་རིགས་དྲུག་ཅུ་རྩ་བཞིའི་ཐོག་མ་ཁོ་ནར་ཚངས་པའི་ཡི་གེ་ཞེས་གསུངས་ཡོད་པས། ལྷ་ཚངས་པས་གསུངས་པའི་ཡིག་རིགས་ཤིག་ཡོད་པར་སྙམ་ནས། རྟག་ཞི་བ་དེ་ཡི་གེའི་བྱེད་པོ་ཚངས་པར་ངོས་འཛིན་པ་དང༌། ཡང་ན་ནི་མཆོད་བརྗོད་དུ། གང་གིས་མིང་གཞི་སྔོན་གསུངས་པ་ཞེས་པའི་མིང་གཞི་དེ་རྒྱ་གར་ཡི་གེའི་མིང་གཞི་ཁོ་ནར་ངོས་བཟུང་ནས། རྒྱ་གར་ཡི་གེ་ནི་ཕྱི་ནང་ཐུན་མོང་གིས་བཀོལ་བར་དམིགས་ཏེ་ཕྱི་རོལ་མུ་སྟེགས་རྣམས་རྗེས་སུ་འཛིན་པའི་ཆེད་དུ་ཡིན་སྙམ་ནས་རྟག་ཞི་བ་དེ་ཚངས་པར་ངོས་བཟུང་བ་རེད། ཡང་གཞན་ཞིག་ནི་སྟོན་པའི་གསུང་སོ་སོར་འབྲང་མའི་ལུང་ལྟར། བྲམ་ཟེའི་ཕྱིར་ནི་དབང་ལྡན་ནོ།། རྒྱལ་རིགས་ལ་ནི་དབང་ཕྱུག་ཆེ།། དམངས་རིགས་ཕྱིར་ནི་རྟག་ཞི་བ།། ཁྱབ་འཇུག་ལེགས་པར་བྲི་བར་བྱ།། རྗེ་རིགས་ཕྱིར་ནི་རྣམ་ཐོས་བུ།། ལྷ་ཡི་དབང་ཕྱུག་དབང་བོ་བྲི།། ཞེས་པའི་རྗེས་སུ་འབྲངས་ཏེ། ལྷ་ཚངས་པ་དེ་ནི་ཁྱབ་འཇུག་གི་ལྟེ་བའི་པདྨ་ལས་སྐྱེས་པར་བཤད་པས། ཁྱབ་འཇུག་དང་རིགས་གཅིག་པའི་ཕྱིར་དམངས་རིགས་ཀྱི་རྟག་ཞི་བ་ཞེས་པ་དེ་ཡིན་པར་འདོད་པ་ལྟར་ངོས་བཟུང་བ་ཡིན་ནོ།
༢、 རྟག་ཞི་བ་ལྷ་དབང་ཕྱུག་ཆེན་པོར་ངོས་འཛིན་པ་རྣམས་ནི། སྔོན་རྒྱ་གར་འཕགས་པའི་ཡུལ་དུ་ཕྱི་རོལ་བ་དག་གིས་དབང་ཕྱུག་ཆེན་པོ་ནི་འཇིག་རྟེན་གྱི་བྱེད་པོར་འདོད་པ་མ་ཟད། ཕྱི་རོལ་བྲམ་ཟེ་རྣམས་ཀྱི་གཞུང་དུ་བྱེད་པོ་ཉི་ཤུ་རྩ་བཞི་བཤད་པ་ལས་ཡི་གེའི་བྱེད་པོ་ལྷ་དབང་ཕྱུག་ཡིན་པར་བཤད་པ་དེའི་རྗེས་སུ་འབྲངས་པ་ཁོ་ན་ལས་མ་འདས།
༣、 རྟག་ཞི་བ་ལྷ་ཁྱབ་འཇུག་ཏུ་ངོས་བཟུང་བ་རྣམས་ནི། གོང་གི་སོ་སོར་འབྲང་མའི་ལུང་ལ་གོ་བ་ལེན་སྟངས་གཞན་ཞིག་སྟེ། “དམངས་རིགས་ཕྱིར་ན་རྟག་ཞི་བ།། ཁྱབ་འཇུག་ལེགས་པར་བྲི་བར་བྱ།།”ཞེས་པའི་རྟག་ཞི་བ་དང་ཁྱབ་འཇུག་ཅེས་པ་དོན་གཅིག་མིང་གི་རྣམ་གྲངས་སུ་གོ་ནས། འབྱེད་སྡུད་ཀྱི་སྒྲ་ཞིག་དོན་གྱིས་ཐོབ་པ་ལྟར་ངོས་བཟུང་བའི་ལུགས་ཤིག་རེད། འདིའི་ཐད་སི་ཏུ་པཎ་ཆེན་གྱི་མུ་ཕྲེང་ན། སོ་སོར་འབྲང་མའི་ལུང་དུ་རྟག་ཞི་བ་དང་ཁྱབ་འཇུག་དེ་གཉིས་གཅིག་ཏུ་བསྟན་པ་མ་ཡིན་པའི་ཕྱིར་ཏེ། དམངས་རིགས་ཀྱི་དོན་དུ་དབང་ཕྱུག་གམ་ཁྱབ་འཇུག་གང་རུང་བྲི་བའི་དོན་དུ་མངོན་པའི་ཕྱིར་ཏེ། དེ་མ་ཐག་ཏུ། རྗེའུ་རིགས་ཕྱིར་ནི་རྣམ་ཐོས་བུ།། ལྷ་ཡི་དབང་ཕྱུག་དབང་བོ་བྲི།། ཞེས་འབྱུང་བའང་རྣམ་ཐོས་བུའམ་དབང་ཕྱུག་གམ་བརྒྱ་བྱིན་གང་རུང་བྲི་བའི་དོན་དུ་གསལ་བའི་ཕྱིར་རོ། ཞེས་དང༌། ཡང་དེ་ཉིད་ལས། ཁྱབ་འཇུག་ལ་རྟག་ཞི་བར་ཡང་མ་གྲགས་ཏེ་མིང་སྟོང་གིས་ཁྱབ་འཇུག་ལ་བསྟོད་པའི་རྒྱ་དཔེ་ཁོ་བོའི་ལག་ཏུ་སོན་པས་དེའི་ནང་དུའང་རྟག་ཞི་བ་ཞེས་པ་མ་བྱུང་བའི་ཕྱིར། ཞེས་གསུངས་པས་ཤེས་ཐུབ། ཡང་གཞན་ཞིག་ནི། ཞ་ལུ་བ་ཆོས་ལེགས་དང་དེའི་རྗེས་འབྲང་དམུ་དགེ་བསམ་གཏན་སོགས་ཀྱི་བཞེད་པར། ཡི་གེ་སྔོན་བྱུང་གི་ལོ་རྒྱུས་ལས། ཡི་གེ་ཁྱབ་འཇུག་ལྷ་ཡིས་བཀོད།། འཇམ་པའི་དབྱངས་ཀྱིས་ང་རོས་དྲངས།། ཞེས་པ་དྲངས་ནས་རྟག་ཞི་བ་ཁྱབ་འཇུག་ཡིན་པའི་སྒྲུབ་བྱེད་དུ་བཀོད་ཡོད་མོད། འོན་ཀྱང་ཡི་གེ་སྔོན་བྱུང་གི་ལོ་རྒྱུས་ཞེས་པ་དེ་རང་རེའི་བོད་ལ་གྲགས་སམ་རྒྱ་གར་གྱི་ཕྱི་རོལ་བའི་གཞུང་ཕྱི་རོལ་མུ་སྟེགས་རྣམས་རྗེས་སུ་འཛིན་པའི་ཆེད་དུ་ཡིན་སྙམ་ནས་རྟག་ཞི་བ་དེ་ཚངས་པར་ངོས་བཟུང་བ་རེད། ཡང་གཞན་ཞིག་ནི་སྟོན་པའི་གསུང་སོ་སོར་འབྲང་མའི་ལུང་ལྟར། བྲམ་ཟེའི་ཕྱིར་ནི་དབང་ལྡན་ནོ།། རྒྱལ་རིགས་ལ་ནི་དབང་ཕྱུག་ཆེ།། དམངས་རིགས་ཕྱིར་ནི་རྟག་ཞི་བ།། ཁྱབ་འཇུག་ལེགས་པར་བྲི་བར་བྱ།། རྗེ་རིགས་ཕྱིར་ནི་རྣམ་ཐོས་བུ།། ལྷ་ཡི་དབང་ཕྱུག་དབང་བོ་བྲི།། ཞེས་པའི་རྗེས་སུ་འབྲངས་ཏེ། ལྷ་ཚངས་པ་དེ་ནི་ཁྱབ་འཇུག་གི་ལྟེ་བའི་པདྨ་ལས་སྐྱེས་པར་བཤད་པས། ཁྱབ་འཇུག་དང་རིགས་གཅིག་པའི་ཕྱིར་དམངས་རིགས་ཀྱི་རྟག་ཞི་བ་ཞེས་པ་དེ་ཡིན་པར་འདོད་པ་ལྟར་ངོས་བཟུང་བ་ཡིན་ནོ།
༢、 རྟག་ཞི་བ་ལྷ་དབང་ཕྱུག་ཆེན་པོར་ངོས་འཛིན་པ་རྣམས་ནི། སྔོན་རྒྱ་གར་འཕགས་པའི་ཡུལ་དུ་ཕྱི་རོལ་བ་དག་གིས་དབང་ཕྱུག་ཆེན་པོ་ནི་འཇིག་རྟེན་གྱི་བྱེད་པོར་འདོད་པ་མ་ཟད། ཕྱི་རོལ་བྲམ་ཟེ་རྣམས་ཀྱི་གཞུང་དུ་བྱེད་པོ་ཉི་ཤུ་རྩ་བཞི་བཤད་པ་ལས་ཡི་གེའི་བྱེད་པོ་ལྷ་དབང་ཕྱུག་ཡིན་པར་བཤད་པ་དེའི་རྗེས་སུ་འབྲངས་པ་ཁོ་ན་ལས་མ་འདས།
༣、 རྟག་ཞི་བ་ལྷ་ཁྱབ་འཇུག་ཏུ་ངོས་བཟུང་བ་རྣམས་ནི། གོང་གི་སོ་སོར་འབྲང་མའི་ལུང་ལ་གོ་བ་ལེན་སྟངས་གཞན་ཞིག་སྟེ། “དམངས་རིགས་ཕྱིར་ན་རྟག་ཞི་བ།། ཁྱབ་འཇུག་ལེགས་པར་བྲི་བར་བྱ།།”ཞེས་པའི་རྟག་ཞི་བ་དང་ཁྱབ་འཇུག་ཅེས་པ་དོན་གཅིག་མིང་གི་རྣམ་གྲངས་སུ་གོ་ནས། འབྱེད་སྡུད་ཀྱི་སྒྲ་ཞིག་དོན་གྱིས་ཐོབ་པ་ལྟར་ངོས་བཟུང་བའི་ལུགས་ཤིག་རེད། འདིའི་ཐད་སི་ཏུ་པཎ་ཆེན་གྱི་མུ་ཕྲེང་ན། སོ་སོར་འབྲང་མའི་ལུང་དུ་རྟག་ཞི་བ་དང་ཁྱབ་འཇུག་དེ་གཉིས་གཅིག་ཏུ་བསྟན་པ་མ་ཡིན་པའི་ཕྱིར་ཏེ། དམངས་རིགས་ཀྱི་དོན་དུ་དབང་ཕྱུག་གམ་ཁྱབ་འཇུག་གང་རུང་བྲི་བའི་དོན་དུ་མངོན་པའི་ཕྱིར་ཏེ། དེ་མ་ཐག་ཏུ། རྗེའུ་རིགས་ཕྱིར་ནི་རྣམ་ཐོས་བུ།། ལྷ་ཡི་དབང་ཕྱུག་དབང་བོ་བྲི།། ཞེས་འབྱུང་བའང་རྣམ་ཐོས་བུའམ་དབང་ཕྱུག་གམ་བརྒྱ་བྱིན་གང་རུང་བྲི་བའི་དོན་དུ་གསལ་བའི་ཕྱིར་རོ། ཞེས་དང༌། ཡང་དེ་ཉིད་ལས། ཁྱབ་འཇུག་ལ་རྟག་ཞི་བར་ཡང་མ་གྲགས་ཏེ་མིང་སྟོང་གིས་ཁྱབ་འཇུག་ལ་བསྟོད་པའི་རྒྱ་དཔེ་ཁོ་བོའི་ལག་ཏུ་སོན་པས་དེའི་ནང་དུའང་རྟག་ཞི་བ་ཞེས་པ་མ་བྱུང་བའི་ཕྱིར། ཞེས་གསུངས་པས་ཤེས་ཐུབ། ཡང་གཞན་ཞིག་ནི། ཞ་ལུ་བ་ཆོས་ལེགས་དང་དེའི་རྗེས་འབྲང་དམུ་དགེ་བསམ་གཏན་སོགས་ཀྱི་བཞེད་པར། ཡི་གེ་སྔོན་བྱུང་གི་ལོ་རྒྱུས་ལས། ཡི་གེ་ཁྱབ་འཇུག་ལྷ་ཡིས་བཀོད།། འཇམ་པའི་དབྱངས་ཀྱིས་ང་རོས་དྲངས།། ཞེས་པ་དྲངས་ནས་རྟག་ཞི་བ་ཁྱབ་འཇུག་ཡིན་པའི་སྒྲུབ་བྱེད་དུ་བཀོད་ཡོད་མོད། འོན་ཀྱང་ཡི་གེ་སྔོན་བྱུང་གི་ལོ་རྒྱུས་ཞེས་པ་དེ་རང་རེའི་བོད་ལ་གྲགས་སམ་རྒྱ་གར་གྱི་ཕྱི་རོལ་བའི་གཞུང་ལ་གྲགས་པ་སོགས་ཆ་མི་འཚལ་བ་དང༌། ཕྱི་རོལ་བའི་གཞུང་དུ་གྲགས་ན་རང་རེ་ནང་བས་གཙིགས་འཛིན་དང་དེའི་རྗེས་སུ་འབྲང་བའི་དགོས་པ་མེད་པ་དང༌། འོ་ན་རང་རེ་བོད་ལ་གྲགས་སོ་སྙམ་ན་བན་དེའི་མདོ་རྒྱུད་རྣམས་སུ་དེ་ལྟའི་ལུང་འདྲེན་མེད་དོ་ཞེས་མཁས་པ་དུ་མའི་གསུང་ལས་གོ་མྱོང་བ་དང༌། འོ་ན་བོན་པོའི་བཀའ་འགྱུར་གྱི་མདོ་སྡེའི་ལེའུའི་གྲངས་སུ་ཡི་གེ་བསྟོད་པའི་མདོ་ཞེས་ཡི་གེ་སྔོན་བྱུང་གི་ལོ་རྒྱུས་ཡོད་ཀྱང་དེར་ཡི་གེ་ཁྱབ་འཇུག་ལྷ་ཡིས་བཀོད་ཅེས་པའི་ཚིག་ཟུར་ཙམ་ཡང་མངོན་རྒྱུ་མེད་པས། ཡང་སྙིང་ཡི་གེ་སྔོན་བྱུང་གི་ལོ་རྒྱུས་ཞེས་པ་གང་ཡིན་དཔྱད་གཞིར་ལུས་སོ།
༤、རྟག་ཞི་བ་སྤྱན་རས་གཟིགས་དང་སངས་རྒྱས། འཇམ་དབྱངས་སོགས་སུ་བཞེད་པ་རྣམས་ནི། ཐོན་མིས་ཕྱི་རོལ་དབང་ཕྱུག་སོགས་བཀུར་ནས་ཕྱག་འཚལ་ཚེ། ཇི་སྐད་དུ། མྱ་ངན་འདས་པ་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ།། དེ་ནི་ཡང་དག་དགེ་བསྙེན་ཏེ།། ནམ་དུའང་ལྷ་ནི་གཞན་དག་ལ།། སྐྱབས་སུ་སོང་བ་མ་ཡིན་ནོ།། ཞེས་དང༌། ཙོང་ཁ་བ་ཆེན་པོས། འཇིག་རྟེན་པའི་ལྷ་དྲག་པོ་དང་ཁྱབ་འཇུག་སོགས་ལའང་ཕུགས་ཀྱི་སྐྱབས་སུ་མི་འཛིན་ན། ཡི་དྭགས་སུ་གྱུར་བའི་གཞི་བདག་དང་ཀླུ་ལ་ལྟ་ཅི་སྨོས། དེ་ཡང་སྐྱབས་གསུམ་ལ་ཡིད་མ་ཆེས་ནས་དེ་དག་ལ་བློ་འགེལ་ན་མི་རུང་བ་ཡིན་གྱི། ཞེས་གསུངས་པ་བཞིན་ནང་བའི་སྐྱབས་འགྲོར་འགལ་སོང་སྙམ་ནས། ནང་བའི་ལྷ་འཇིག་རྟེན་དབང་ཕྱུག་སྟེ་སྤྱན་རས་གཟིགས་སུ་ངོས་བཟུང་བ་དང༌། ཡང་ཁ་ཅིག་གིས་ཐོན་མི་ནང་བའི་རྗེས་འཇུག་པ་ཡིན་པས་ཕྱི་རོལ་མུ་སྟེགས་པར་ཡི་གེའི་བྱེད་པོར་ཁུངས་བཅོལ་ཏེ་ཕྱག་འཚལ་བའི་དགོས་པ་མེད་པ་དང༌། རྟག་ཞི་བ་ཞེས་པའི་གོ་དོན་ཡང་དུས་རྟག་ཏུ་གསལ་སྣང་གི་གོ་མ་འགགས་ཤིང་རྣམ་རྟོག་ཐམས་ཅད་ཞི་བའི་ཏིང་ངེ་འཛིན་གྱི་བདེ་བ་ལ་སྤྱོད་པའམ། ཡང་ན་སྒོ་གསུམ་རྟག་ཏུ་ཞི་བར་གནས་པའི་དོན་ཡིན་པར་ཤེས་ནས། ཡོན་ཏན་དེ་ལྡན་ནི་སྤྱན་རས་གཟིགས་དང་སངས་རྒྱས་གཉིས་ཡིན་ནོ་ཞེས་པ་ལྟར་ངོས་བཟུང་བ་ཡིན། ཡང་ཁ་ཅིག་སྤྱན་རས་གཟིགས་དང་སངས་རྒྱས་གཉིས་ཤེས་རབ་ཀྱི་ལྷར་བསྟེན་པའི་ལོ་རྒྱུས་དང་ཡི་གེའི་བྱེད་པོ་ཡིན་པའི་གསུང་སྒྲོས་ཅི་ཡང་མཐོང་རྒྱུ་མེད་པས། དབྱངས་ཀྱི་བྱེད་པོའམ་ཤེས་རབ་ལྷ་མཆོག་འཇམ་པའི་དབྱངས་ལ་འོས་སོ་ཞེས་རྟག་ཞི་བ་འཇམ་དབྱངས་ལ་ངོས་བཟུང་བ་རེད་སྙམ།
༥、 གོང་གི་བཞེད་པ་མི་མཐུན་པ་དེ་དག་ལ་དཔྱད་གཞི་འདི་འདྲ་ཞིག་ཡོད་དེ། རྟག་ཞི་བ་དེ་ལྷ་དབང་ཕྱུག་ཆེན་པོ་ཡིན་པར་བྱས་པའི་དབང་དུ་བཏང་ན། རིག་བྱེད་གཏམ་རྒྱུད་དུ། དབང་ཕྱུག་གིས་ལྷ་མིན་གྲོང་ཁྱེར་སུམ་བརྩེགས་ཀྱང་འཇིག་པར་བྱེད་ཅིང༌། མིག་ནས་མེ་འབར་བའི་མེ་དཔུང་གིས་འདོད་ལྷའི་ལུས་བསྲེགས་པ་དང༌། ལྷ་ཚངས་པའི་སྟེང་གདོང་བཅད་པ། རྩིས་གཞུང་ནས་དབང་ཕྱུག་ཆེན་པོའི་མིང་ལ་དྲག་པོར་བཤད་པ་བཞིན་སྡིག་སྤྱོད་ཀྱི་ཆ་བྱད་པགས་པའི་གོས། ལག་ན་ཐོད་པ་དང་མཚོན་ཆ་མདུང་རྩེ་གསུམ་པ་སོགས་ཡོད་པའི་ཆ་ནས་ཀྱང་ རྟག་ཞི་བའི་མིང་ཙམ་ཡང་གདགས་གཞི་མེད།
ཡང་རྟག་ཞི་བ་དེ་ཁྱབ་འཇུག་ཡིན་པའི་དབང་དུ་བཏང་ན་རིག་བྱེད་གཏམ་རྒྱུད་དུ། དྲང་སྲོང་ཞོ་འཐུང་གི་རུས་པས་བཟོས་པའི་མཚོན་ཆའི་འཁོར་ལོ་ལག་ཏུ་བཟུང་བ་དང་རྭ་གཞུ་ཅན་ཞེས་མཚོན་ཆ་རྭ་གཞུ་ལག་ཏུ་འཛིན་པ། དགྲ་ལྷ་ར་མར་སྤྲུལ་ནས་བརྒྱ་བྱིན་གྱི་བུ་སྲིད་སྒྲུབ་བསད་པ་དང༌། གཡོ་སྒྱུས་ལྷ་མིན་སྟོབས་ལྡན་བསླུས་ཤིང༌། ལྷ་མིན་འཁར་བ་དང་གསེར་ཅན། སྒྲ་གཅན། སྦྱིན་སྐྱེས་རྣམས་གསོད་མཁན་དུ་བཤད་པ་ཞིག་ལ་མིང་གཞི་གསུངས་པའི་ལོ་རྒྱུས་ཕར་ཞོག་རྟག་ཞི་བའི་སྒྲ་ཙམ་ཡང་འཇུག་ཡུལ་གང་ན་ཡོད།
ཡང་རྟག་ཞི་བ་དེ་ཚངས་པར་ངོས་བཟུང་ནའང་དེ་ལྟར་དེ་བཞིན་ཏེ། ལྷ་ཚངས་པས་རང་སེམས་རྒྱ་ཡན་དུ་བཏང་ནས། རང་གིས་སྤྲུལ་བའི་ལྷའི་བུ་མོ་ཐིག་ལེ་མཆོག་མར་ཆགས་པའི་དབང་གིས་རང་གི་སྟེང་གདོང་ཡང་གཅོད་དུ་བཅུག་པ་སོགས་འཇིག་རྟེན་པའི་ལྷ་འདོད་ཆགས་ཅན་དེ་ལྟ་བུར་རྟག་ཞི་བའི་མིང་འདོགས་ཤིན་ཏུ་མི་འོས་པའི་གནས་སོ།། བོད་ཡིག་ནི་བོད་ཁ་བ་ཅན་ཁོ་ནའི་ཡི་གེ་ཡིན་པ་དང་བོད་ཁ་བ་ཅན་རྣམས་ནང་བའི་རྗེས་འཇུག་ཁོ་ན་ཡིན་པ་ལ། གཞན་སྡེ་རྗེས་སུ་འཛིན་པའི་དགོས་པ་ཅི་ཡང་མེད་པར་བརྟེན། ནང་བ་སངས་རྒྱས་པའི་གྲུབ་མཐའི་སྒོ་དང་བསྟུན་ཏེ་རྟག་ཞི་བ་སངས་རྒྱས་དང་སྤྱན་རས་གཟིགས། འཇམ་དབྱངས་སོགས་སུ་བཞེད་པ་ནི་རང་རེའི་ཁ་བ་ཅན་གྱི་ངོར་ཤིན་ཏུ་འོས་ཤིང་འཚམ་པ་དང༌། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་རྩ་བ་ཡི་གེ་ལ་ཐུག་ཡོད་པས། ཡི་གེ་ནི་ནང་བའི་ལྷའམ་སངས་རྒྱས་ལྟ་བུས་མཛད་པར་ཁུངས་གཏུགས་ན་ཧ་ཅང་དོན་སྙིང་ཡོད་པ་སྨོས་མ་དགོས། ཡིན་ནའང་ནང་བའི་ལྷ་ལས་ཡི་གེའི་བྱེད་པོ་ནི་འདི་དང་འདིའོ་ཞེས་རྒྱུ་མཚན་དང་བཅས་མཐའ་གཅིག་ཏུ་ངོས་འཛིན་བྱེད་མ་ཐུབ་པ་ལ་རྒྱུ་རྐྱེན་གཉིས་ཡོད་པར་མངོན་ཏེ། གཅིག་ནས་འདིའི་སྐབས་ཀྱི་མིང་གཞི་ཞེས་པ་ལེགས་སྦྱར་གྱི་མིང་གཞི་ཁོ་ན་ཡིན་པ་ལས་བོད་རང་གི་མིང་གཞིར་ངོས་འཛིན་རྒྱུ་བློ་ཡུལ་དུ་མ་ཤོང་བ་དང༌། གཉིས་ནས་བོད་ཀྱི་མིང་གཞིའི་ཡི་གེ་ཐོན་མིས་བཟོས་པ་ཁོ་ནར་ངོས་བཟུང་བའི་དབང་གིས་འགལ་འདུ་དང་ཉོག་དྲ་དེ་འདྲ་བྱུང་བ་རེད་སྙམ། དེ་བས་ངས་མཚམས་འདིར་དཔྱད་པ་གསར་བ་ཞིག་གཏོང་རྒྱུ་ཡོད་པ་ནི། འདིའི་སྐབས་ཀྱི་མིང་གཞིའི་ཡི་གེ་ནི་བོད་ཀྱི་མིང་གཞིའི་ཡི་གེ་ཁོ་ནར་ངོས་བཟུང་ན་འགལ་བ་ཅི་ཡང་མེད་སྙམ་སྟེ། རྒྱུ་མཚན་ཅི་ཡིན་ཞེ་ན། ཐོན་མིའི་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་པ་ད་ལྟ་ཀུན་གྱིས་ཁས་བླངས་ཟིན་པ་དང༌། ཐོན་མི་རང་ཉིད་ཀྱིས་ཀྱང་མཆོད་བརྗོད་དུ། གང་གིས་མིང་གཞི་སྔོན་གསུངས་པ།། རྟག་ཞི་བ་ལ་ཕྱག་འཚལ་ལོ།། ཞེས་མཛད་པའི་དགོས་པའང་རང་ཉིད་སུམ་རྟགས་ཀྱི་རྩ་བ་རྩོམ་མཁན་ཡིན་པ་ལས། བོད་ཀྱི་ཡི་གེའི་བྱེད་པོ་མིན་པར་ཁས་བླངས་ཟིན་པའི་དན་རྟགས་འཁྲུལ་མེད་ཅིག་རེད་སྙམ། དེས་ན་སྐབས་འདིའི་རྟག་ཞི་བ་དེ་ཡང་སྙིང་གང་ལ་ངོས་འཛིན་དགོས་ཤེ་ན། བོན་ནམ་བོད་ཀྱི་མདོ་རྒྱུད་རྣམས་སུ་དང་པོར་ཡི་གེ་འདི་སྲིད་པ་སངས་པོ་འབུམ་ཁྲི ༼འཇམ་དབྱངས༽དང་རྣམ་མཁྱེན་སྟོན་པ་གཤེན་རབ་གཉིས་ཀྱིས་མཛད་པར་གྲགས་ཏེ། མདོ་གཟེར་མིག་ལས། སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད།། ཡིག་འབྲུ་ཁྲི་དང་འབུམ་གཉིས་ནི།། སྣང་སྲིད་སིལ་བུར་མཆེད་པའི་རྒྱུ།། ཞེས་དང༌། མདོ་དྲི་མེད་ལས། ཐབས་ཀྱི་རྒྱལ་བོ་སངས་པོ་ཡི། ། ཡིག་འབྲུ་ཁྲི་དང་འབུམ་ཡོད་ན།། དེ་སྲིད་སྐྱེ་འགྲོ་སེམས་ཅན་གྱིས།། ཡིག་རྩིས་མ་བསླབས་རང་བརྡོལ་ཤེས།། གཤེན་རབ་སྟོན་པས་སྟོན་པ་བཞིན།། བསྟན་པ་བཞི ན་དུ་ངེས་པར་གོ། ཞེས་དང༌། ལྟ་བ་ཁྱུང་ཆེན་ལས། སྒྱུ་མ་ཙམ་དུ་གདུལ་བྱ་ལ།། རང་བཞིན་སྣང་བར་གྱུར་བ་སྟེ།། ཀ་ལ་སོགས་པའི་རྣམ་གྲངས་དང༌།། མིང་ཚིག་མང་པོར་སྟོན་པ་རྣམས།། ཅིར་ཡང་སྤྲུལ་བའི་རོལ་བར་སྟོན།། ཞེས་དང༌། བོན་གྱི་མདོ་ལས། མི་ཡུལ་འཛམ་གླིང་འོལ་མོ་ལུང་རིང་དུ།། གཤེན་རབ་ང་དང་སྲིད་པ་སངས་པོ་ཡིས།། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ནས་སུ།། གསུང་གིས་འདུལ་ཕྱིར་གསུང་རབ་འབུམ་སྡེ་བརྩམས།། སེམས་ཅན་དྲངས་ཕྱིར་བསྟན་པ་རྗེས་སུ་བཞག། ཅེས་དང༌། ཡང་དེ་ཉིད་ལས། སྒོ་བཞི་མཛོད་དང་ལྔ་ཡི་བོན་སྒོ་ལ།། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་མཐུས།། སངས་པོ་འབུམ་ཁྲི་སྟོན་པ་གཤེན་རབ་ཀྱིས།། སེམས་ཅན་བཀྲིད་ཕྱིར་ ཁྲི་དང་འབུམ་དུ་བྲིས།། ཞེས་དང༌། ཡང་དེ་ཉིད་ལས། སྔོན་སྟོན་པ་ཁྲི་རྒྱལ་ཁུག་པ༼རྗེ་བཙུན་འཇམ་དབྱངས་ཀྱི་མཚན་གྱི་རྣམ་གྲངས་སུ། ཤེས་རབ་སྨྲ་བའི་སེང་གེ་དང༌། ལྷ་རྒོད་ཐོག་པ། ཕྱྭ་སྲས་ཀེང་ཙེ། སྒམ་ལྷ་བོ་ལྷ་སྲས། སངས་པོ་འབུམ་ཁྲི། ཁྲི་བཞི་ནམ་ཏིང༌། ཀུ་བྱི་མང་སྐེ། སྲིད་པའི་དཀའ་ཐུབ། འཕགས་པ་འཇམ་དཔལ། འཇམ་པའི་དབྱངས་སོགས་གསུངས་ཡོད། ༽ཡིས། ལྕགས་བྱང་དཀར་པོ་ལ་འཕྲུལ་གྱི་ཡི་གེ་བཀོད་ནས་ཁམས་གསུམ་གྱི་སེམས་ཅན་ལྐུགས་པ་ཁ་ཕྱེ་བ་ལགས་ཏེ། ཞེས་གསུངས་པ་ལྟར། སྔོན་སྟོན་པ་ཁྲི་རྒྱལ་ཁུག་པའམ་རྗེ་བཙུན་འཇམ་དབྱངས་ཀྱིས་ཡིག་འབྲུ་ཁྲི་དང་འབུམ་དུ་གསུངས་པའི་སྙིང་བོ་དཔའ་བོ་འབྲུ་ལྔ་ལ་བརྟེན་ནས། སངས་རྒྱས་གཤེན་རབ་མི་བོས་ཀ་ལ་སོགས་པའི་འཕྲུལ་ཡིག་བཞི་བཅུ་གཏན་ལ་ཕབ་པར་བཤད་པ་དང༌། བོན་གྱི་མཁས་གྲུབ་བྱེ་བའི་གཙུག་རྒྱན་རིག་འཛིན་ཀུན་གྲོལ་གྲགས་པས་ཀྱང་བརྡ་སྤྲོད་ཀུན་སྣང་སྒྲོན་མེ་རུ། “ཁོ་བོས། རྟག་ཏུ་ཞི་བའི་དགེ་བ་ཉིད་ཅེས་འབྱུང་བ་ལྟར། དུས་རྟག་ཏུ་ཐུགས་ཉིད་ཞི་བ་ཆེན་པོའི་དགེ་བ་ནི་སངས་རྒྱས་སྟོན་པ་གཤེན་རབ་སྒེར་དུ་སྨོས་པ་སྟེ། མདོ་ལས། སངས་པོ་འབུམ་ཁྲི་སྟོན་པ་གཤེན་རབ་ཀྱིས།། སེམས་ཅན་བཀྲིད་ཕྱིར་ཁྲི་དང་འབུམ་དུ་བྲིས།། ཞེས་པས། རྣམ་མཁྱེན་རྒྱལ་བ་གཤེན་རབ་ཡིན་པར་ངེས་སོ།”ཞེས་གསུངས་ཡོད་པས། རྟག་ཞི་བ་དེ་ཏག་ཏག་སངས་རྒྱས་སྟོན་པ་གཤེན་རབ་ལས་གཞན་དུ་མི་དམིགས་པར་སྙམ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།