ཞང་ཞུང་རྒྱལ་རབས་ལས་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་ཀྱི་རེའུ་མིག

ཞང་ཞུང་རྒྱལ་རབས་ལས་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་ཀྱི་རེའུ་མིག

རྒྱལ་རབས།
རྒྱལ་པོའི་མཚན།
ཡུལ་ལྗོངས།
ཧོས་རྗེ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན།
རྒྱལ་པོ་འདི་གསུམ་ནི་གངས་རིན་པོ་ཆེའི་མདུན་གྱི་རྒྱང་རི་གཡུ་ལོ་ལྗོན་པའི་མཁར་རྫོང་དུ་ཆགས་པ།
ཞང་ཞུང་ཟིལ་གནོན་རྒྱལ་པོ་རླབས་ཆེན་ཁྱུང་གི་བྱ་རུ་ཅན།
ཧྲི་དོ་གྱེར་སྤུངས་རྒྱལ་པོ་ཀང་ཀ་ཤེལ་གྱི་བྱ་རུ་ཅན།
སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན།
རྒྱལ་པོ་འདི་གསུམ་ནི་ཁྱུང་ལུང་རྒྱལ་བ་མཉེས་པའི་ཡུལ་དུ་ཆགས།
རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན།
ཀྱི་ལི་གུ་གེ་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན།
སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་འོད་ཀྱི་བྱ་རུ་ཅན།
རྒྱལ་པོ་འདི་གཉིས་ནི་ཞང་ཞུང་སྤུ་ཧྲེང་གི་ཡུལ་དུ་ཆགས།
ཉེ་ལོ་ཝེར་ཡའི་རྒྱལ་པོ་ཕྲ་མེན་འོད་ཀྱི་བྱ་རུ་ཅན།
སྟག་སྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན།
རྒྱལ་པོ་འདི་གཉིས་ནི་ཞང་ཞུང་ཙི་ནའི་ཡུལ་དུ་ཆགས།
༡༠
ཛོ་དམར་ཐི་སྤུངས་རྒྱལ་པོ་ལེ་དཔུང་འོད་ཀྱི་བྱ་རུ་ཅན།
༡༡
བདུད་འདུལ་དབལ་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན།
རྒྱལ་པོ་འདི་གཉིས་ནི་ཞང་ཞུང་ད་རོག་གི་ཡུལ་དུ་ཆགས།
༡༢
ལི་ཝེར་གྱེར་གྱི་རྒྱལ་པོ་ཀླུ་ཤེལ་འོད་ཀྱི་བྱ་རུ་ཅན།
༡༣
ཤེལ་རྒྱུངས་ཧྲི་དོ་རྒྱལ་པོ་ཛོ་དམར་འོད་ཀྱི་བྱ་རུ་ཅན།
རྒྱལ་པོ་འདི་གཉིས་ནི་ཞང་ཞུང་རྟ་སྒོའི་ཡུལ་དུ་ཆགས།
༡༤
ལིག་མུར་ནམ་མཁའི་རྒྱལ་པོ་བེེཌཱུརྱ་འོད་ཀྱི་བྱ་རུ་ཅན།
༡༥
མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན།
རྒྱལ་པོ་འདི་ཞང་ཞུང་ཁ་སྐྱོར་གྱི་ཡུལ་དུ་ཆགས།
༡༦
སད་ཧྲི་གྱེར་གྱི་རྒྱལ་པོ་ཨུ་དཔལ་འོད་ཀྱི་བྱ་རུ་ཅན།
རྒྱལ་པོ་འདི་ཞང་ཞུང་ཁ་ཡུག་གི་ཡུལ་དུ་ཆགས།
༡༧
ཉེ་ལོ་ཝེར་ཡི་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན།
རྒྱལ་པོ་འདི་ཞང་ཞུང་ལ་དྭགས་ཀྱི་ཡུལ་དུ་ཆགས།
༡༨
མུ་མར་ཐོག་རྒོད་རྒྱལ་པོ་ཨིནྚ་འོད་ཀྱི་བྱ་རུ་ཅན།
རྒྱལ་པོ་འདི་ཞང་ཞུང་རུ་ཐོག་གི་ཡུལ་དུ་ཆགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།