སྐུ་ཤུག་དགོན་པ།

སྐུ་ཤུག་དགོན་པ།
1

དེ་ཡང་སྐུ་ཤུག་དགོན་ནི་དཀར་ཆག་ལས། སྐུ་ཚད་སྐུ་ཤུག་ལྡེམ་དྲུག་བྱ་བ་དེ། །ཕྱི་ལྟར་སྟོན་པ་ཉིད་ཀྱི་སྐུ་ཚད་ཡིན། །ནང་ལྟར་རིགས་དྲུག་འདུལ་བའི་ཐུབ་པ་དྲུག །གསང་བ་ཞིང་དྲུག་མངོན་པར་གསལ་བར་བཞུགས། །དེ་ལ་ལྷ་ཀླུ་མི་དང་ལྷ་འདྲེའི་ཚོགས། །དུན་ཀུན་མཆོད་འབུལ་ཕྱག་བསྐོར་བྱས་ནས་སུ། །བོད་ཡུལ་འགྲོ་ཀུན་ཐར་བར་འདྲེན་པར་མཛད། །ཅེས་གསུངས་པ་ལྟར་མཐོང་ཐོས་དྲན་རེག་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་ཆོད་ཅིང་འདི་ཕྱིའི་འགལ་རྐྱེན་གྱི་བར་ཆད་ཡོངས་སུ་ཟློག་ཐུབ་པའི་རྟེན་མཆོག་སྲིད་ན་འགྲན་ཟླ་བྲལ་བ་སྐུ་ཤུག་ལྡེམ་དྲུག་འདི་མི་ལོ་ཆིག་ཁྲི་སྟོང་གི་ལོ་རྒྱུས་ཡོད་ལ། ཕྱིས་སུ་རྟོགས་ལྡན་རི་པ་འབྲུག་གསས་ལོ་ཤས་བཞུགས་པ་དང་། དེའི་རྗེས་ཙམ་ནས་སྟག་རྩེ་དགོན་པའི་དགོན་ལག་ཆགས། ལོ་རེའི་བོད་ཟླ་གསུམ་པའི་ཚེས༡༣ནས༡༧བར་མ་དགོན་ནས་གྲྭ་བ་ལྔ་བཅུའི་སྐོར་ཡོང་སྟེ་ཞི་ཁྲོ་རྒྱ་ཆེར་ཚོགས་སྲོལ་ཡོད། རིག་གསར་སྔོན་དུ་མདོ་སྨད་ཁོད་པོ་ཤེས་རབ་ཕུན་ཚོགས་ཁོང་བཞུགས་ཀྱི་ཡོད་ལ། དེང་སྐབས་སྤྱི་ལོ༡༩༩༠ལོ་ནས་བླ་མ་ཐབས་མཁས་རྒྱ་མཚོ་རིན་པོ་ཆེས་ཉམས་གསོ་མཛད་དེ། རྟེན་སྨན་འདམ་ལས་གྲུབ་པའི་མི་ཚད་ཀྱི་དྲན་པ་ཡབ་སྲས་སོགས་དང་། གསུང་རྟེན་བཀའ་དང་བཀའ་རྟེན་སོགས་པོད༦༠༠སྐོར། དགོན་པའི་མཐའ་སྐོར་དུ་འཁོར་ཆུང༢༠༠། སྤྱི་ལོ༢༠༠༠ལོར་སྲིད་གཞུང་གིས་དངོས་སུ་དགོན་པའི་ཆོག་མཆན་གནང་པ་དང་། ད་ལྟ་རྒྱུན་བཞུགས་བླ་གྲྭ་བཅུ་གསུམ་བཅས་སོ། །2 3 4 5 6 7

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།