སྲིད་རྒྱལ་དགོན་ཆེན།

     དེ་ཡང་བསྟན་པ་ཕྱི་དར་དུས་སུ་ཀོང་ཡུལ་འདིར་གཡུང་དྲུང་བོན་ལ་སྤྱོད་པ་གཅིག་ཀྱང་མེད་པ་དང་མཐའ་ན་ཐུགས་སྤྲུལ་བོན་རི་ཆེན་པོའང་གང་ཡིན་མི་ཤེས་པའི་དུས་སུ་རྟོགས་ལྡན་རི་པ་འབྲུག་གསས་མཆོག་ཀོང་པོར་ཕེབས་ནས་གནས་མཆོག་བོན་རིའི་གནས་སྒོ་ཕྱེས་ཏེ་སྲིད་རྒྱལ་དགོན་ཆེན་འདི་ཉིད་བཏབ་མཛད་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རྒྱ་ཆེར་སྤེལ། རིག་གསར་རྗེས་སྤྱི་ལོ༡༩༨༢ལོ་ནས་རྣལ་འབྱོར་བ་ཆེན་པོ་ནོར་སྐྱབས་རིན་པོ་ཆེའམ་གཞན་ཕན་བརྩོན་འགྲུས་དང་མཁས་གྲུབ་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱིས་ཐུགས་འགན་བཞེས་ཏེ་ཉམས་གསོ་མཛད། ནང་རྟེན་དུ་རྟོགས་ལྡན་རི་པའི་སྐུ་གདུང་ཆེན་མོ་དང་། སྟོན་པ་དང་བྱམས་མའི་སྐུ་སོགས་དང་། བཀའ་དང་བཀའ་རྟེན་སོགས་པོད་སུམ་སྟོང་ལྷག ད་དུང་རི་འབྲུག་གི་སྒྲུབ་ཕུག་དང་སྐུ་རྗེས། སྲིད་རྒྱལ་གྱིས་བྱིན་གྱིས་བསླབས་པའི་ཆུ་སོགས་མཆིས་སོ།།

1029499141
༼གསང་བའི་གནས་མཆོག་ཐུགས་སྤྲུལ་བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ༽ཞེས་པའི་དེབ་ལས་འཕྲི་སྣོན་གྱིས་བཀོད་པའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།