ཤིས་སྨོན་གཏེར་གྱི་ཚོམ་བུ།

    འཛམ་གླིང་མཁས་པའི་གཙུག་རྒྱན་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དཔལ༧དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དགུང་གྲངས་བརྒྱད་ཅུ་བཞེས་པའི་དུས་སྟོན་གྱི་མཛད་སྒོ་ལ་རི་བོ་ཧི་མ་ཡའི་ཉེ་འཁོར་དུ་གནས་པའི་བླ་སྤྲུལ་དང་མཁན་སློབ་རྒྱལ་ཁབ་ཕྱི་ནང་ཀུན་གྱི་མཁས་དབང་རྣམས་ཀྱིས་རིན་པོ་ཆེ་ཁོང་ལ་ཤིས་སྨོན་བསྔགས་བརྗོད་ཀྱི་སྙན་ཚིག་གིས་གནམ་ས་བར་སྣང་འགེངས་པ་ཞིག་ཕུལ་ཡོད་པས་<ཤིས་སྨོན་གཡུང་དྲུང་དགུ་འཕར>ལས་རེ་འགའ་ཞིག་འདི་རུ་བཀོད་པ་ཡིན།

         ཤིས་སྨོན་གཏེར་གྱི་ཚོམ་བུ།

                   ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ།

མཁྱེན་པས་སྲིད་ཞིའི་མགོན་གྱུར་སྟོན་མཆོག་དང་།།
བརྩེ་བས་འགྲོ་བའི་གདུང་སེལ་རྒྱལ་སྲས་ཚོགས།།
ནུས་པས་མི་མཐུན་གེགས་སེལ་ཆོས་སྐྱོང་བཅས།།
མཆོག་གསུམ་རྒྱ་མཚོས་དེང་འདིར་དགེ་ལེགས་སྩོལ།།

མཁས་དང་གྲུབ་པས་སྤངས་རྟོགས་ཡོན་ཏན་རྫོགས།།
ལུང་དང་རིག་པས་བསྟན་པ་ཕྱོགས་བཅུར་སྤེལ།།
ཐབས་མཁས་ཐུགས་རྗེས་འགྲོ་རྣམས་འདུལ་མཛད་པ།།
དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ཞབས་བརྟན་གསོལ།།

རྒྱ་ཆེན་ཚོགས་གཉིས་སྤྲིན་བྲལ་ལྷ་ལམ་ངོར།།
གང་དེའི་གཟུགས་སྐུའི་བཀོད་པ་ཟླ་འོད་གཞོན།།
འགྲོ་ཀུན་དུ་ཁཿའི་མུན་ལས་མ་གྲོལ་བར།།
རྟག་བརྟན་གཡུང་དྲུང་ངོ་བོར་འཚོ་གཞེས་གསོལ།།

དཔལ་ལྡན་བླ་མ་དམ་པའི་ཐུགས་བསྐྱེད་དང་།།
དད་ལྡན་འགྲོ་བ་ཀུན་གྱི་བསོད་ནམས་ཀྱིས།།
མཚན་ལྡན་བླ་མའི་སྐུ་ཚེ་རབ་བརྟན་པས།།
རྫོགས་ལྡན་གསར་བའི་དཔལ་ལ་སྤྱོད་གྱུར་ཅིག།

ཤིས་སྨོན་གཏེར་གྱི་ཚོམ་བུ།” སྟེང་དུ་དཔྱད་མཆན 1 ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།