མཆོད་སྤྲིན་ཤིས་བརྗོད་མེ་ཏོག

མཆོད་སྤྲིན་ཤིས་བརྗོད་མེ་ཏོག
དགེ་ལེགས་འགྱུར་མེད་ཤེས་རབ་རྒྱ་མཚོ།

ྋ རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་མི་ཡི་གར། །
རྒྱལ་བ་གཉིས་པ་རྗེ་བཙུན་སྨན་རི་བ། །
རྒྱལ་ཚབ་ཁྲི་འཛིན་མཁན་རབས་རིམ་བྱོན་བཅས། །
རྒྱལ་བསྟན་མངའ་བདག་རྣམས་ཀྱིས་ཤིས་པ་སྩོལ། །

གང་གི་ཐུགས་བསྐྱེད་ལྷ་ཡི་ལམ་ཡངས་ནས། །
ལུ༵ང་དང་རྟོ༵གས་པའི་འོད་སྟོང་རབ་འབར་བ། །
བསྟ༵ན་པ༵འི་བདག་པོ་སྐལ་ལྡན་པདྨའི་གཉེན། །
སྨྲ་བའི་ཉི༵་མ༵་སྲི་ཞིའི་གཙུག་ན་རྒྱལ། །

མགོན་ཁྱེད་གསང་གསུམ་ཡིད་བཞིན་ནོར་བུ་མཆོག །
བཅུ་ཕྲག་བཀྲ་ཤིས་གྲངས་ལྡན་སོན་པའི་ལོ། །
སྐལ་བཟང་བྱེ་བ་དགའ་བའི་དུས་སྟོན་ལ། །
ཀུན་བཟང་མཆོད་སྤྲིན་ཤིས་བརྗོད་མེ་ཏོག་འཐོར། །

འགྲོ་ཀུན་བྱང་ཆུབ་ཆེན་པོ་མ་ཐོབ་བར། །
བསྐལ་བ་རྒྱ་མཚོར་ཞབས་པད་རྟག་བརྟན་ཅིང་། །
བསྟན་འགྲོའི་དོན་མཛད་ཐུགས་སྟོབས་རྨད་བྱུང་གིས། །
མི་ནུབ་རྒྱལ་མཚན་མཐོན་པོ་སྲིད་རྩེར་ཟུངས། །

མཛད་ཕྲིན་ནམ་མཁའ་མཛོད་ཀྱི་སྒོ་ཕྱེས་ཏེ། །
ཕན་བདེ་སྤྲིན་གྱི་མེ་ཏོག་འཇོ་བའི་དཔྱིད། །
ཆུ་སྐྱེས་ལང་ཚོས་སྒེག་པའི་དབྱིག་འཛིན་མར། །
ཡང་ཡང་སྩོལ་ཅིག་རྗེ་བཙུན་བླ་མ་མཁྱེན། །

དགེ་ལེགས་འགྱུར་མེད་ཤེས་རབ་རྒྱ་མཚོས་ཕུལ་བ་དགེ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།