ཤེས་རབ་སྨྲ་སེང་།

ཤེས་རབ་སྨྲ་སེང་།
བོན་བརྒྱ་དགེ་ལེགས་ལྷན་གྲུབ་རྒྱ་མཚོ།

༄༅།། ཨཱོྃ་ཝཀྐི་དྷི་ན་མཿ

ཤེས་བྱ་ཀུན་མཁྱེན་མཁྱེན་གཏེར་གཞོན་ནུའི་ཐུགས། །
རབ་ཡངས་ཀུན་གསལ་གསལ་བའི་ཉི་མ་བཞིན། །
རྒྱལ་བ་ཀུན་གསུང་གསུང་གི་མཛོད་འཛིན་པ། །
མཚན་དཔེ་ཀུན་རྫོགས་རྫོགས་སྐུ་སྨྲ་བའི་སེང་། །

ཁྱེད་ལ་སྙིང་ནས་གསོལ་བ་བཏབས་པའི་མཐུས། །
ཐོས་བསམ་སྒོམ་པའི་ཤེས་རབ་རྩལ་རྫོགས་ཏེ། །
འཆད་རྩོད་རྩོམ་ལ་སྨྲ་བའི་དབང་ཐོབ་ནས། །
གཤེན་བསྟན་འཛིན་སྐྱོང་ནུས་པར་བྱིན་གྱིས་རློབས།།
ཨཱོྃ་ཝཀྐི་དྷི་ན་མཿ

ཞེས་པའང་སྔགས་འཆང་འཇམ་དཔལ་རྡོ་རྗེ་ལ་རྟེན་ འབྲེལ་ལེགས་པའི་མཚན་མ་བྱུང་ཚེ་བོན་བརྒྱ་དགེ་ལེགས་རྒྱ་མཚོས་ཐོལ་བྱུང་དུ་སྨྲས་པའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།