ཨ་མདོ་ཤར་ཁོག

༢༠༡༣ལོར་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དགའ་མལ་དགོན་ཆེན་དུ་གཡུང་དྲུང་བོན་དང་འབྲེལ་བའི་ཚོགས་ཆེན་གསུམ་ལྷན་འཚོགས་ཀྱི་ཆེད་བསྒྲིགས་(གཤེན་བསྟན་འོད་སྣང་)ལས་བཤུས་པའི་གླུ་གཞས་བདམས་བཀོད། ༽

20150521165356

ཚིག་རྩོམ་མཁན། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན།

དབྱངས་རྩོམ་མཁན། རྔ་ལྗོངས་ཁུ་བྱུག་གྲགས་བྷེ།

ལེན་མཁན། རྔ་ལྗོངས་ཁུ་བྱུག་གྲགས་བྷེ།

སྒྲིག་སྦྱོར་བ། རིན་སྤུངས་ཚུལ་བསྟན་དང་རྔ་བཟའ་ནོར་བུ།

ཨ་མདོ་ཤར་ཁོག

ཚིག མཁར་རྨེའུ་བསམ་གཏན།
དབྱངས། གྲགས་བྷེ།
ལེན་མཁན། རྔ་ལྗོངས་ཁུ་བྱུག་གྲགས་བྷེ།

བྱང་གི་བྱ་དུར་སྔོན་མོ། །
གནས་ཆེན་མཁའ་འགྲོ་འུག་གདོང་། །
དལ་འགྲོ་ཟིང་ཆུ་ནགས་རིང་། །
གསང་མཆོག་མ་རྒྱུད་སྒྲུབ་གནས། །

གཡུང་དྲུང་ཁ་ཡི་རི་ཁྲོད། །
བརྗིད་ལྡན་དགའ་མལ་དགོན་ཆེན། །
སེམས་དཔའ་རྒྱ་མཚོའི་འདུས་སྡེ། །
ཡིད་ལ་འཛུམ་མེར་ཤར་སོང་། །

ཤར་གྱི་དུང་རི་དཀར་པོ། །
ཡིད་འོང་གསེར་མཚོས་བསྐོར་འདུག། །
མཛེས་ལྡན་རི་མཚོ་འདི་གཉིས། །
དགེ་ལེགས་ཕུར་བའི་བྱིན་ཅན། །

ཡུལ་ལྗོངས་ཨ་མདོ་ཤར་ཁོག
སྟག་ཤར་བུ་དང་བུ་མོས། །
རང་ལྗོངས་ཁོར་ཡུག་སྲུང་སྐྱོབ། །
ནམ་ཡང་བརྗེད་པར་སྲིད་དམ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།