རྗེ་བླ་མའི་འཁྲུངས་སྐར་བསུ།

5efaeb77gad9eab06564c690
ཚིག  དུང་དཀར་ནམ་མཁའ།

གཞས་གདངས།   ཕུར་བ་སྐྱབས།
གཞས་པ།   ཕུར་བ་སྐྱབས།
སྒྲ་ལེན་པ།  ཤེས་རབ་གཅོད་པ།

གསང་བ་གསུམ་གྱི་མཛོད་འཛིན། །
འགྲོ་ཀུན་འདྲེན་པའི་དེད་དཔོན། །
འདི་ཕྱི་གཉིས་ཀྱི་སྐྱབས་གནས། །
སྨན་རིའི་ཁྲི་འཛིན་སོ་གསུམ། །

ལུང་རྟོགས་བསྟན་པའི་བདག་ཉིད། །
ཟབ་མོའི་དཀའ་གནད་བཀྲོལ་མཁན། །
བོན་འབངས་ཡོངས་ཀྱི་ལྷ་སྐལ། །
སྨན་རིའི་ཁྲི་འཛིན་སོ་གསུམ། །

འཛམ་གླིང་འཛིན་མའི་ཁྱོན་ལ། །
གྱེར་གྱི་བསྟན་པ་སྤེལ་མཁན། །
བཀའ་དྲིན་གཞལ་མཐའ་བྲལ་བ། །
སྨན་རིའི་ཁྲི་འཛིན་སོ་གསུམ། །

སྨན་རིའི་ཁྲི་འཛིན་སོ་གསུམ། །
ཁྱེད་སྐུ་པད་མོ་བཞད་ནས། །
དགུང་གྲངས་གྱ་བདུན་འཁོར་བའི། །
འཁྲུངས་སྐར་དགའ་བས་བསུའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།