གསེར་གྱི་ཁྱུང་ཆེན། སྨན་རི་བ། བརྙན་རིས།

20161031102043
གཞས་ཚིག   སྐྱིད་སྲས་དགེ་ལེགས་ཉི་མ།
གཞས་གདངས།  ཤེས་རབ་གཅོད་པ།
གཞས་པ།  ཤེས་རབ་གཅོད་པ།
སྒྲིག་བཟོ་བ།  རེབ་སྐྱིད་ཡར་འཕེལ།


གངས་རི་ཞིག་པང་དུ་བཟུང་ནས།
ས་ཆེན་ཞིག་གདན་དུ་འཐག་ནས།
གནམ་ས་ཞིག་གི་སྒལ་མཚམས་ནས་བཞེངས་ཡོད།
ཉི་འོག་རྒྱལ་ཁམས་ཀྱི་ཞང་ཞུང་།
མུན་དང་སྨུག་པའི་གསེབ་ཀྱི་དྲི་རྟགས་ཤིག
གསེར་གྱི་ཁྱུང་ཆེན། སྨན་རི་བ།
གནམ་ས་འདིའི་མཁུར་མགོ་སྐྱོར་ནས།
ཡར་ལུང་འདིའི་གཏམ་རྒྱུད་ཉར་ནས།
ཐུགས་ཀྱི་འདུན་མ་རི་ལ་བཏབས་ཡོད།
གྱེར་ཚིག་ཅིག་ཡིད་ལ་བཏེགས་ནས།
ཆུ་ཆེན་ཞིག་གོམ་པས་འཇལ་ནས།
ཡར་ལྷ་ཤམ་པོས་སྐྱེལ་མའི་ཁྲོད་ཆས་ཡོད།
མེས་པོའི་ཕ་མཁར་གྱི་ཞང་ཞུང་།
རེ་ལྟོས་ཀྱི་མིག་ཞགས་ཁྱེད་ལ་འཐེན་ཡོད།
གསེར་གྱི་ཁྱུང་ཆེན། སྨན་རི་བ།
གཤེན་གྱི་ཉི་ཟླ་ཕྱག་གིས་བཀྱགས་ཡོད།
གངས་རི་འདིའི་ཕྱི་ནས་ཚེགས་སོང་།
རྒྱ་མཚོ་དེའི་མཐའ་ནས་དཀའ་སོང་།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།