ནོར་བུའི་བོད་ཀྱི་ཡིག་གཟུགས་ཞབས་ཞུ་ལྟེ་གནས་ངོ་སྤྲོད།

གཡིས་ལུང་ནམ་མཁའ་རིན་ཆེན་གྱི་བརྩམས་ཆོས།

༄༅། །ཡིག་མཁན་གཡིས་ལུང་ནམ་མཁའ་རིན་ཆེན་ནི་སྤྱི་ལོ༡༩༨༤ལོའི་ཟླ༡༡པའི་ཚེས་༢༦ཉིན་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ཤར་རྒྱུད་རྒྱལ་བོ་ངོ་མོ་ཞེས་པའི་སྡེ་ནས་སྐྱེས། རིམ་བཞིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་གོ་རིམ་བརྒྱུད་རིག་གནས་སྣ་མང་ལ་སློབ་སྦྱོང་གནད་སྨིན་བགྱིས་ཤིང་། ཁྱད་པར་བོད་ཀྱི་སྐད་ཡིག་དང་ཡིག་གཟུགས་ཐད་དགེ་རྒན་བཀའ་དྲིན་ཅན་སྨོན་ལམ་ཡིག་གཟུགས་ཀྱི་རྒྱུད་འཛིན་པ་རྒན་རྟ་མགྲིན་མགོན་པོ་དང་སྙེ་བྲིས་རྒྱུད་འཛིན་པ་རྒན་ལྷུན་གྲུབ་རྒྱ་མཚོ། དེ་མིན་ད་དུང་བླ་བྲང་དགོན་པའི་གྲྭ་བཙུན་འཇམ་དབྱངས་ཤེས་རབ། ཡུལ་རེབ་གོང་གི་བླ་མ་བོན་བརྒྱ་རིན་པོ་ཆེའི་དངོས་སློབ་ཨ་ཁུ་ནམ་མཁའ་སོགས་བོད་ཀྱི་ཡིག་གཟུགས་ཆེད་མཁས་པ་གང་མང་ལ་བསྟེན་ཏེ་ཁུངས་ལྡན་གྱི་ཡིག་གཟུགས་སྣ་མང་ལ་སྦྱང་བ་ལེགས་པོ་བྱས། སྐབས་འདིར་ཡང་རླུང་ཁའི་མར་མེ་ལྟ་བུའི་བོད་ཀྱི་ཡིག་གཟུགས་འདི་ཉིད་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བ། དེ་མིན་ཡིག་གཟུགས་ལ་དགའ་མོས་ཡོད་པ་དག་གིས་ཡིག་ཆས་འཚོལ་དཀའ་བ་དང་ཡིག་གཟུགས་སློབ་དཀའ་བ་སོགས་ལ་ཞབས་འདེགས་རེ་སྒྲུབ་རྒྱུའི་དམ་བཅའ་སྙིང་ལ་བཅིངས་ནས་རེབ་གོང་ཡུལ་དུ་རང་ཉིད་མི་སྒེར་གྱི་ཡིག་གཟུགས་འགྲེམས་འཚོང་དང་སློབ་བུ་གསོ་སྐྱོང་བྱེད་པ། ཡིག་ཆས་མཁོ་སྤྲོད་གནང་ས་སོགས་གཞི་གཅིག་ཏུ་འབྲེལ་བའི༼ ནོར་བུའི་བོད་ཀྱི་ཡིག་གཟུགས་ཞབས་ཞུ་ལྟེ་གནས༽ཞེས་པ་ཞིག་སྒོ་འབྱེད་བྱས་ཡོད།

ས་གནས།  རེབ་གོང་དགའ་བདེའི་ལྷོ་ལམ༼ 中山南路 ༽

ཚོང་འབྲེལ་ཁ་པར་། 13209735234

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།