རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་མཆོག་སྐུ་གྲོངས་པར་མྱ་ངན་གདུང་མཆོད་ཞུ།

རྩོམ་པ་པོ། ས་ཁའི་བློ་ལྡན།   རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།
(1929–2019)

དེ་ཡང་ལི་ཤུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གི་འབོད་སྐུལ་དབུ་ཁྲིད་འོག་མདོ་སྨད་མཁས་པའི་གཙུག་རྒྱན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ༧རྗེ་བཙུན་བླ་མ་དམ་པ་ནམ་མཁའ་ཚུལ་ཁྲིམས་དཔལ་བཟང་པོའི་གཟུགས་སྐུ་བོན་དབྱིངས་སུ་བདེ་བར་གཤེགས་ནས་ཞག་གསུམ་དྲོས་བཞི་ཟིན་པའི་དུས་དང་བསྟུན་ཏེ་ཕྱོགས་བཅུའི་སློབ་འབངས་དགོན་སྡེ་དང་བཅས་པས་ཕྱག་སྐོར་དགེ་སྒྲུབ་དང་གསོལ་འདེབས་སྨོན་ལམ་ཞུ་བའི་སྒང་འདིར་མཁན་པོ་སྒོ་རིགས་ཤེས་རབ་གྲགས་པ་ལགས་གཙོས་དཔོན་སློབ་སྤྲེའུ་བཙུན་ཀུན་བཟང་ལྷུན་གྲུབ་མཆོག་དང་སློབ་གཙོ་ས་ཁའི་བློ་ལྡན།

ཚོགས་གཞོན་ཉག་བསྟན་འཛིན་ནོར་བུ་བཅས་ཀྱིས་སྣེ་ཁྲིད་འོག་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ལྷན་རྒྱས་ནས་རྗེ་བཙུན་བླ་མའི་སྐུ་པར་པད་མོ་འཛུམ་གྲོལ་གྱི་མདུན་ས་རུ་གང་གི་གསོལ་འདེབས་དང་བླ་མ་མཆོད་ཐབས། ཚེ་དབང་སྨོན་ལམ་སོགས་ཚོགས་མཆོད་རྒྱས་འབུལ་ཞུས་ཏེ༧རྗེ་བཙུན་ནམ་མཁའ་རིན་པོ་ཆེའི་རླབས་ཆེན་གྱི་ཐུགས་དགོངས་མཐའ་དག་ཡོངས་སུ་རྫོགས་པའི་མཐུན་འགྱུར་སྨོན་ལམ་དང་འབྲེལ།

འདི་གའི་སློབ་འབངས་ཀྱི་ངོས་ནས་མགོན་པོ་གང་གི་འཁྲུལ་མེད་ཡང་སྤྲུལ་ཉི་གཞོན་གསར་པ་ལེགས་པར་འཆར་བའི་སྐྱབས་འཇུག་ཞུ་གསོལ་ཡང་ཡང་འདེབས་རྒྱུ་དང་བཅས།

རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ལྷན་རྒྱས་ཀྱིས་སྒོ་གསུམ་གུས་པ་ཆེན་པོའི་གདུང་སེམས་དང་བཅས་མྱ་ངན་ཞུ་ཚིག་སུག་བྲིས་སུ་བགྱིས་ཏེ་ཕུལ་བ་ལགས་སོ།།

2019/4/30/ཉིན།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།