ཁྲི་ཀ་སེར་བརྒྱ་ནས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེའི་སྐུ་གདུང་གསར་བཞེངས་ལེགས་གྲུབ་བྱུང་།

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།  རྩོམ་པ་པོ། རིག་པའི་ཁུ་བྱུག

དེ་ཡང་ས་ཆེན་པོ་འཛམ་བུ་གླིང་ན་མཁས་དང་གྲུབ་པའི་སྙན་གྲགས་ཉི་ཟླའི་འགྲོས་དང་དབྱར་གྱི་རྔ་གསང་བཞིན་ལྡིར་བ། ཕྱོགས་མཐའ་དག་ལས་རྣམ་པར་རྒྱལ་བའི་སྡེ་ཆེན་པོ ༧ རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་རིན་པོ་ཆེ་མཆོག་གི་གདུལ་བྱར་གྱུར་བའི་གཡུང་དྲུང་བོན་གྱི་ལྷ་སྡེ་དཀར་པོ། ཁྲི་ཀ་སེར་བརྒྱ་གསང་སྔགས་བདུད་འདུལ་མེ་རི་འཁྱིལ་བའི་གླིང་ནས་བཀའ་དྲིན་བཞི་རྫོགས་ཀྱི་རྩ་བའི་བླ་མ་བོན་བརྒྱ་རིན་པོ་ཆེ་མཆོག་གི་སྐུ་གདུང་དང་ཐུགས་སྟོན་དྲན་པ་ནམ་མཁའ། རྗེ་བླ་མ་གང་གི་རིགས་བདག་ཆེན་པོ་བླ་མ་ཚེ་དབང་རིག་འཛིན་བཅས་གསར་བཞེངས་ལེགས་འགྲུབ་དང་། གསུང་གི་རྟེན་དུ་རྣམ་མཁྱེན་སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོའི་བཀའ་ཆ་ཚང་ཚར་གསུམ། རྒྱལ་བ་གང་གི་ཞལ་སློབ་དང་རྗེས་འཇུག་གཡུང་དྲུང་སེམས་དཔའ་རྣམས་ཀྱི་བཀའ་བརྟེན་ཚར་གཅིག་བཅས་བཞུགས་སུ་གསོལ་བ་ལེགས་ན། ཧོར་ཟླ་དྲུག་པའི་འགྲུབ་སྐར་ཚེས་གསུམ་ཉིན་དྲང་སྲོང་གཙང་གཙུག་གི་སྡེ་དང་གོས་དཀར་ལྕང་ལོ་ཅན་གྱི་སྒྲུབ་གཤེན་ཚོགས་མང་གིས་ཚེ་དབང་བོད་ཡུལ་མའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས། ཚོགས་འཁོར་ཁྲི་གཅིག་མཆོད་འབུལ་བྱས་མཐར་རྟེན་དང་བརྟེན་པ་སྲིད་མཐའི་བར་དུ་འགྲོ་བའི་སྐྱབས་རྟེན་མངའ་གསོལ་རབ་གནས་མཛད་པ་ལགས་སོ།།

ཐུགས་སྟོན་དྲན་པ་ནམ་མཁའ་བཞུགས།
རིགས་བདག་ཆེན་པོ་བླ་མ་ཚེ་དབང་རིག་འཛིན་བཞུགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།