གཤེན་གྱི་གར་འཆམ་པ་ཁག་གཅིག་ནུབ་ཕྱོགས་ཡོ་རོབ་གླིང་དུ་ཕེབས་པ།

༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་ནས་གཤེན་གྱི་གར་འཆམ་པ་ཁག་གཅིག་ནུབ་ཕྱོགས་ཡོ་རོབ་གླིང་དུ་ཕེབས་པའི་གནས་བསྡུས།
ཁྲི་གཡུང་དྲུང་།

     རྒྱལ་བ་གཤེན་གྱི་འབྱུང་ལྡན ༣༠༡ གི་བགྲང་བྱ་ལྕགས་ཡོས་ལོའི་བོད་ཟླ་གསུམ་པ་སྟེ། ཕྱི་ལོ་ ༢༠༡༡ ཟླ་ ༥་ཚེས་༡༢ཉིན་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་ ནས་ཆེད་བསྒྲིགས་ཀྱིས་ནུབ་ཕྱོགས་ཡོ་རོབ་གླིང་དུ་གཤེན་གྱི་གར་འཆམ་སོགས་བོན་གྱི་རིག་གཞུང་སྣ་ཚོགས་འཁྲབ་སྟོན་དུ་ཕེབས་པའི་སྐབས་ཀྱི་དཔར་རིས་དང་གནས་ཚུལ་མདོར་བསྡུས།
དེ་ཡང་སྔར་ལོ་ནས་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་གོ་སྒྲིག་གནང་བའི་ གཤེན་གྱི་གར་འཆམ་པ་ཁག་གཅིག་ཕྱི་ལོ་༢༠༡༡ལོའི་ཟླ་༠༥པའི་ཚེས་བཅུ་གཉིས་ཉིན་ རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཡོ་རོབ་Czech Republicཅེག་གི་རྒྱལ་ཁབ་ཀྱི་རྒྱལ་ས་PRAHAཔ་རག་ཏུ་འབྱོར་ཡོད་པ་དང་། ཕྱི་ཚེས་བཅོ་ལྔ་དང་བཅུ་དྲུག་སྟེ་ཉིན་གཉིས་ལ་ཡོ་རོབ་ཅེག་གི་རྒྱལ་ཁབ་ཀྱི་ རྒྱལ་ས་པ་རག་ཏུ་གཤེན་གྱི་གར་འཆམ་ཁག་གཅིག་འཁྲབ་སྟོན་མཛད་ཡོད་པ་དང་། ཕྱི་ཚེས་༡༧ཉིན་ནས་མུ་མཐུད་དུ་ཡོ་གླིང་ཁག་ཏུ་བོན་རིག་གཞུང་དང་འབྲེལ་བའི་གར་ འཆམ་དང་། སྨན་རྩིས། རྒྱལ་རབས་ལོ་རྒྱུས་སོགས་ངོ་སྤྲོད་དང་འཁྲབ་སྟོན་ཞུ་འཆར་ཡོད་པ་བཅས་ཀྱི་གནས་བསྡུས་རགས་ཙམ་མོ།

2 3 4 5

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།