བོན་བརྒྱ་དགོན་པའི་དྲུག་པའི་ཁྲི་མཆོད་ཆེན་མོ།

བོན་བརྒྱ་དགོན་པའི་དྲུག་པའི་ཁྲི་མཆོད་ཆེན་མོ།
ཁྱུང་དཀར་ཟླ་བ།

   ༄༅། ། སྤྱིར་འཛམ་གླིང་ཡོངས་ལ་ཕྱི་ནང་མི་མཐུན་པའི་ས་གཡོ་ཆུ་འཁྲུགས་ཀྱི་འཇིགས་པ་དང་། མེ་འབར་རླུང་འཚུབ་ཀྱི་ཆོ་འཕྲུལ་ལྷག་མེད་དུ་ཞི་བའི་ཆེད་དང་ནང་སྒོས་སུ་སེམས་ཅན་ཡོངས་ལ་བདེ་སྐྱིད་ལྡན་པ་དང་། ནད་མུག་མཚོན་གསུམ་ཞི་ཞིང་། ཚེ་བསོད་ལས་ཀླུང། རིགས་རྒྱུད་མངའ་ཐང་རྒྱས་པའི་ཆེད། ཁྱད་པར་དུ་ཁྲི་མཆོད་ཆེན་མོ་འདིར་འབྲེལ་ཐོགས་ཡོངས་གཙོར་བྱས་ཏེ། སེམས་ཅན་ཡོད་དོ་ཅོག་འབྲས་བུ་བླ་མེད་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པའི་ཆེད་དུ། རེབ་གོང་བོན་རྩ་སོ་སོ་ནས་རང་རང་གི་འདོད་མོས་ལྟར་འབྲེལ་ཆེ་བཞག་ཆུང་ཐོགས་ཀྱིས་དབྱར་ཟླ6པའི་ཚེས13ཉིན། རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་ནས་དྲུག་པའི་ཁྲི་མཆོད་ཆེན་མོའི་ཆོ་ག་ལེགས་པར་སྤེལ་གནང་མཛད། སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་ཚོགས་དབུར་བཞུགས་ཏེ་སྐྱབས་འཇུག་སྨོན་ལམ་ལེགས་པར་གསུངས་ཤིང་།
2 རྟོགས་ལྡན་དམ་པ་༧བོན་བརྒྱ་གཡུང་དྲུང་ལྷུན་གྲུབ་བསྟན་པ་འབྲུག་གྲགས་དཔལ་བཟང་པོའི་ཡང་སྲིད་ཉི་མ་གཞོན་ནུ་ལྷུན་གྲུབ་དཔལ་ཆེན་རྒྱ་མཚོ་མཆོག་གིས་བྱམས་མའི་དབང་བསྐུར་མཛད་པ་དང་བཅས་ཆོ་གའི་མཇུག་ལེགས་པར་གྲུབ།
3 རྗེས་མར་ཡང་། ལོ་རེ་བཞིན་དྲུག་པའི་ཁྲི་མཆོད་ཆེན་མོའི་ཆོ་ག་རྒྱུན་མ་ཆད་པར་སྤེལ་རྩིས་ཡོད་པས་འགྲོ་བ་སེམས་ཅན་ཡོངས་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་ཅིང་ཚེ་བསོད་ལོངས་སྤྱོད་ལྷག་ཏུ་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཡང་ཡང་ཞུ་ལགས་སོ། །
4 5 6 7 8 9 10

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།