སྣང་ཞིག་སྐྱབས་མགོན་ཁྲི་འཛིན་སོ་དགུ་བས་སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་མཆོག་ལ་ཕུལ་བའི་རྗེས་དྲན།

རྩོམ་པ་པོ། སྣང་ཞིག་སྐྱབས་མགོན། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

བརྗེད་ཐབས་བྲལ་བའི་བླ་ཆེན་ཞིག


དགེ་ལེགས་བྱེ་བའི་གཏེར་ཆེན་སྨྲ་བའི་དབང་། །
ལྷུན་གྲུབ་མཁྱེན་བརྩེའི་མངའ་བདག་གྲུབ་པའི་རྗེ། །
གདུལ་བྱ་རྒྱ་མཚོའི་སྐྱབས་གཅིག་ཟླ་མེད་པ། །
འགྱུར་མེད་ལས་རབ་རྩལ་དེ་རྗེས་སུ་དྲན། །

དེ་ཡང་བསྟན་འགྲོའི་རྒུད་པ་གསོ་བའི་སྐྱབས་མགོན། མདོ་སྔགས་ཁང་བཟང་འདེགས་པའི་ཀ་ཆེན། མཁས་གྲུབ་རྒྱུ་སྐར་ཁྲོད་ཀྱི་ཟླ་བ། སྨྲ་བ་མི་ཡི་སེང་ཆེན་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་ནི། ཞང་བོད་རིག་པ་སྨ་བའི་དཔའ་བོ་དང་། རྒྱལ་བསྟན་དུས་མཐར་གསལལ་བྱེད་ཉི་མ། ལུས་ཅན་ཐར་ལམ་ཁྲིད་པའི་དམིགས་བུ་དང་། སྐལ་ལྡན་ངེས་ལེགས་སྟོན་པའི་བཤེས་གཉེན་དམ་པ་ཡིན་ཞིང་། སྐུ་འཚོ་བཞུགས་ཀྱི་མཛད་པ་རེ་རེ་ནི་བསྟན་དང་འགྲོ་བའི་དོན་ཆེན་འབའ་ཞིག་ལས་དམིགས་སུ་མེད་སྟབས། ང་ཚོས་རིན་པོ་ཆེ་མཆོག་ཉིད་ཞིང་ཁམས་གཞན་གཟིགས་ཀྱི་འགྲོ་དོན་དུ་དགོངས་པའི་འདས་མ་ད་གསུམ་ཀུན་ཏུ། ཁོང་གི་སྐུ་དྲིན་དང་ཁོང་གི་མཛད་རྗེས་རླབས་པོ་ཆེ་དག་ལ། ནམ་ཡང་གུས་བཀུར་དང་རྗེས་དྲན་ཡང་ཡང་ཞུ་དགོས་སོ།།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།