དེབ་གསར《འབྱུང་རྩིས་བཀའ་ལུང་དགོངས་རྒྱན》འགྲེམ་སྤེལ་གནང་བ།

རྩོམ་པ་པོ། ཁྲོ་ངར་ལྕགས། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

དེབ་གསར་ཕྱི་ཤོག

རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ་སངས་རྒྱས་རྒྱ་མཚོའམ་ཁྲོ་ངར་ལྕགས་ནི། སྤྱི་ལོ 1995 ལོར་ཁམས་སྡེ་དགེ་དུང་མདའ་ནས་སྐྱེས། རང་ལོ་དགུ་ཙམ་ནས་ཁྲོ་ཚང་དགོན་པའི་ཚོགས་གྲལ་ཞུགས་ཏེ། དགོན་པའི་སྲོལ་རྒྱུན་ལྟར་འབུད་རྡུང་དཀྲོལ་གསུམ། གར་ཐིག་དབྱངས་གསུམ། བཅའ་བསྒྱུར་ཕྱག་ལེན་བཅས་ཁོང་དུ་ཆུད་པར་བྱས།
དེ་ནས་རང་ལོ་བཅོ་ལྔའི་ཐོག་ཁྲོ་ཚང་དགོན་གྱི་སྒྲུབ་གྲྭར་ཞུགས་ཏེ་བསྙེན་སྒྲུབ་ལས་ཀྱི་ལས་ལ་འབད་འབུང་ཚུལ་བཞིན་གནང་ནས་སྒྲུབ་གྲྭ་ལེགས་པར་མཐར་ཕྱིན།
རང་ལོ་བཅོ་བརྒྱད་ནས་རྫ་ཁྲོ་ཚང་དགོན་ནང་བསྟན་ལྔ་རིག་སློབ་གླིང་ལ་ཞུགས་ནས་མཚན་ཉིད་རིགས་པའི་གཞུང་ཆེན་ཁག་དང་བརྡ་སྤྲོད་དང་སྙན་ངག་འབྱུང་རྩིས་སོགས་རིག་པའི་གནས་ཀུན་ལ་བརྩོན་པ་དྲག་པོས་སྦྱོང་བ་ཚད་མེད་གནང་། ཞོར་དུ་རྫ་ཁྲོ་ཚང་དགོན་ནང་བསྟན་ལྔ་རིག་སློབ་གླིང་གི་ཚོགས་གཙོ་དང་དུང་ཤེས་རིག་གླིང་གི་ཚོག་གཙོ་སོགས་ཀྱི་འགན་བཞེས་ནས་ཕ་ཡུལ་ཕྱོགས་ཀྱི་གཞོན་སྐྱེས་དག་ཤེས་ཡོན་ཀྱི་ལམ་ལ་སྐུལ་བཞིན་སློབ་སྦྱོང་ལ་འབད་པ་ལྷོད་མེད་ཀྱིས་རྒྱུན་སྐྱོང་།
ད་ལམ་ཁོང་གིས་ལོ་མང་རིང་སློབ་སྦྱོང་གི་ཞར་ཞོར་དུ་བྲིས་པའི་འབྱུང་རྩིས་བཀའ་ལུང་དགོངས་རྒྱན་ཞེས་པའི་དཔེ་དེབ་ཅིག་ཀྱང་ཀློག་པ་པོའི་སྤྱན་སྔར《འབྱུང་རྩིས་བཀའ་ལུང་དགོངས་རྒྱན》ཞེས་པ་ས་གནས་ལྷ་ས་དང་། གཞིས་ཀ་རྩེ། ཁྱུང་པོ་རི་རྩེ་དྲུག ཁྲིན་ཏུའུ། སི་ཁྲོན་ནང་བསྟན་སློབ་གླིང་། པེ་ཅིན། ལྷོ་ནུབ་མི་རིགས་སློབ་གྲྭ། རྭ་རྒྱ་ཤེས་རིག་ནོར་བུ་གླིང་། ཀྲུང་དབྱང་མི་རིགས་སློབ་ཆེན། ཁྱུང་པོ་སྟེང་ཆེན་རྫོང་། ཀོ་རྒྱལ་དགོན། པ་ཀྲུང་སློབ་ཆེན། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། ནག་ཆུ། འཛམ་ཐང་རྫོང་། ལུང་དཀར་དགོན་པ། ཀྲུང་དབྱང་ཚད་ཅིང་སློབ་ཆེན། སྦྲ་ཆེན་རྫོང་། སྨར་ཐང་རྫོང་། གསེར་རྟ། མཚོ་སྔོན་མི་རིགས་སློབ་ཆེན། ཡུལ་ཤུལ། སྤ་ཚང་དགོན། རྔ་བ་རྫོང་།  བོད་ལྗོངས་སློབ་ཆེན། སྤུ་ལ་དགོན། ཁྲི་ཀ་རྫོང་། ཟི་ལིང་།  བོན་བརྒྱ་དགོན། དཀར་མཛེས་རྫོང་། ཞེ་ཆེན། སྡེ་དགེ་རྫོང་། རྫོགས་ཆེན། གཡུང་དྲུང་གླིང་། ཁྱུང་པོ་སྟེང་ཆེན་དགོན། ནུབ་བྱང་མི་རིགས་སློབ་ཆེན། ཤར་རྫའི་རི་ཁྲོད། བྲག་མགོ། གཏོ་མདའ་དགོན་པའི་ཇོ་དགོན། ཉག་རོང་རྫོང་། བྱ་བཏང་རི་ཁྲོད། ཡེ་ཤེས་དགོན། ཟིང་ཆུ་རྫོང་།  རྒྱ་རོང་བཤད་སྒྲུབ་སློབ་གླིང་། མཛོད་དགེ་རྫོང་། རི་ཁྲོད་དགོན། བྱ་ཟེ་དགོན། ཆབ་མདོ། བལ་ཡུལ། ཚྭ་ནེ་དགོན། ལྡོང་རྫོང་རི་ཁྲོད། གཡུ་ཁྲ་ལྷ་སྟེང་། ཞུ་ཚང་དགོན། དར་རྒྱས་དགོན།  ཟམ་ཞིག་དགོན།  མགོ་ལོག་ཁུལ། འབའ་ཐང་། རྒྱལ་རོང་། རྔ་བ་དགེ་འོས་སློབ་ཆེན། ཨ་མདོ་སྣང་ཞིག་དགོན། རྟོགས་ལྡན་དགོན། དགའ་མལ་དགོན། སྐྱང་ཚང་དགོན། ཟིང་ཆུའི་སྣང་ཞིག་དགོན། རིན་སྤུངས་དགོན་པ་སོགས་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་མི་ཉུང་བ་ཞིག་དང་། ཞིང་ཆེན་དང་རྫོང་ཁག་སོ་སོའི་དཔེ་མཛོད་ཁང་། སྤྱི་ཚོགས་ཀྱི་སློབ་གླིང་ཆེ་ཤོས་རྣམས་སུ་ཐོན་ལ་ཉེ་བས་སོ་སོས་དེ་ལུགས་ལྟར་མཛད་རྒྱུ་དང་། ཁྱད་པར་གནས་དང་ཡུལ་གྱི་ཉོ་ཚོང་སྟབས་བདེ་མིན་བར་དུ་གཤམ་གྱི་སྐད་འཕྲིན་འདི་རུ་སྦྲེལ་དང་། མཐོ་སྒང་ཐུན་མིན་ཁྱད་ནོར་བདེ་ཚོང་ཁང་གིས་ཁྱེད་ཀྱི་འདོད་མོས་ལྟར་དཔེ་དེབ་འདི་ས་གནས་གང་སར་བསྐུར་ཐུབ་པ་བྱ་རྒྱུ་བཅས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།