བོན་བརྒྱ་དགོན་པའི་ཡི་དམ་དབལ་གསས་རྔམ་པའི་སྒྲུབ་མཆོད་ཆེན་མོ།

རྩོམ་པ་པོ།དྲ་ཚིགས་རྩོམ་སྒྲིག་པ། རྩོམ་ཁུངས།རེབ་གོང་བོན་མང་དྲ་ཚིགས།

ཡི་དམ་དབལ་གསས་རྔམ་པའི་བསྙེན་སྒྲུབ་འདི་ནི་མདོ་སྨད་བོན་བརྒྱ་དགོན་པའི་སྒྲུབ་མཆོད་ཆེན་མོ་ཞིག་ཡིན་ལ། ལོ་རེའི་སྟོན་ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་ནས་ཉེར་གཉིས་བར་ཡིན་པས། མི་ཚང་མས་འདི་ལ་དགུ་བའི་ཉེར་གཉིས་ཆོས་ཐོགས་ཟེར་བ་ཡིན།

ད་ལོ་ཡང་དེ་ནང་བཞིན་ཚེས་བཅོ་ལྔ་ཉིན་ཀློང་རྒྱས་ཆོ་ག་བཅུ་དྲུག་ཉིན་ཀུན་བཟང་ཞི་བའི་ཆོ་གའི་དབུ་བཟུང་སྟེ་ཡི་དམ་དབལ་གསས་རྔམ་པའི་སྒྲུབ་ཆེན་འཚོགས། བོན་བརྒྱ་དགོན་པའི་བླ་མ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་དང་སྤྲུལ་སྐུ་དཔལ་ཆེན་རིན་པོ་ཆེ། སྐུ་སྐྱེས་དྲི་མེད་ཉི་མ་རིན་པོ་ཆེ་སོགས་ཚོགས་དབུར་བཞུགས་པ་དང་། བླ་མ་སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་བླ་མ་གྲྭ་ཚང་ཡོངས་ལ་འགྱེད་དང་མང་ཇ་སོགས་ཕུལ་བ་དང་།

དགོན་པའི་སྤྱི་གཉེར་བ་རྣམ་གཉིས་དང་རོང་འབྲོག་ཕྱོགས་ཀྱི་དད་ལྡན་སྦྱིན་བདག་རྣམས་ཀྱིས་བླ་མ་གྲྭ་ཚང་ལ་སྐུ་འགྱེད་དང་མང་ཇ་སོགས་ཀྱིས་ཚོགས་གྱ་ནོམ་པ་ཕུལ་བ་དང་། ཚེས་ཉེར་གཉིས་ཉིན་གཤེན་གྱི་གར་འཆམ་ཆེན་མོ་འཆམ་པ་བཅས་དགོན་འདིའི་ལོ་འཁོར་གཅིག་གི་ལས་སྣེ་བའི་འགན་ཡོངས་སུ་འགྲུབ་པས་ལྷ་རྒྱལ་བཀྲ་ཤིས་ཀྱི་ཁ་གཡང་སྒྲོགས་པའོ།།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།