རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་འདུས་སྤྱི་ནས་བསྒྲགས་པའི་གསལ་བརྡ།

རྩོམ་པ་པོ། རེབ་གོང་མང་དགེ་བསྐོས་ཆེན་མོ། རྩོམ་ཁུངས། རེབ་གོང་བོན་མང་དྲ་བ།

རེབ་གོང་བོན་མང་རིག་འཛིན་འདུས་པ་རྒྱ་མཚོ་དང་དད་ལྡན་མང་ཚོགས་རྣམས་ལ་སྙན་ཞུ།

ཁ་སང་དེ་རིང་ཀུན་གྱིས་མཁྱེན་གསལ་ལྟར་རྒྱལ་ཡོངས་རང་བཞིན་ལ་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ནད་ཡམས་འདི་སྔོན་འགོག་གི་ཆེད་དུ་ཞིང་ཆེན་དང་ཁུལ་རིམ་པ་སོ་སོ་ནས་འཕྲོད་བསྟེན་དང་བདེ་འཇགས་ཀྱི་དོན་དུ་བྱ་བ་མང་པོ་སྒྲུབ་བཞིན་པའི་སྐབས་འདིར། ང་ཚོ་རེབ་གོང་བོན་མང་གིས་ཀྱང་རང་གཞན་གཉིས་ཀྱི་བདེ་འཇགས་དང་བདེ་ཐང་གི་ཆེད་དུ་དམིགས་ནས་ད་ལོའི་སྒྲུབ་མཆོད་ཆེན་མོའི་ཆོ་ག་གནས་སྐབས་སུ་སྤེལ་མཚམས་འཇོག་རྒྱུ་ཡིན་པས་འབྲེལ་ཡོད་ཚང་མར་དགོངས་འགལ་མེད་པར་ཞུ། ཡུལ་དུས་བདེ་འཇགས་སྐབས་ཡང་བསྐྱར་གསལ་བརྡ་གཏོང་ངེས་ཡིན་པས་ཀུན་གྱིས་ཐུགས་ལ་འཇགས་པར་འཚལ། མཐར་ནད་ཡམས་འདིས་མཚོན་པའི་འཇིག་རྟེན་གྱི་མི་ཤིས་པའི་རྒུད་པ་ཐམས་ཅད་མྱུར་དུ་ཞི་སྟེ་རྒྱལ་ཁམས་ཀུན་ལ་བདེ་སྐྱིད་ལྡན་ཞིང་ཐམས་ཅད་ཀྱི་གང་བསམ་ལྷུན་གྲུབ་ཡོང་བའི་སྨོན་འདུན་དང་བཅས།

རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་འདུས་སྤྱི་ནས།
སྤྱི་ལོ༢༠༢༠ལོའི་ཟླ༡པའི་ཚེས༢༧ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།