ཉག་ཤོད་བྱ་བཏང་རི་ཁྲོད་ཀྱི་ཡིད་སྐྱོ་བའི་གནས་ཚུལ།

རྩོམ་པ་པོ། ཉག་ཤོད་བྱ་བཏང་རི་ཁྲོད། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

ཡིད་སྐྱོ་བའི་གནས་ཚུལ།

སྤྱིར་སངས་རྒྱས་བསྟན་པའི་མཛེས་རྒྱན། སྒོས་གཡུང་དྲུང་བོན་གྱི་གཙུག་རྒྱན། ཡང་སྒོས་ཉམ་ཐག་འགྲོ་བའི་དེད་དཔོན། མི་ཟས་ཀུན་སྤངས་པ་ཆེན་པོ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྤྱི་ལོ༢༠༢༠-༢-༡༤ཉིན་གྱི་པེ་ཅིན་ཆུ་ཚོད་བཅུ་གཉིས་དང་སྐར་མ་སོ་གསུམ་སྟེང་འདི་སྣང་སྐུ་ཡི་བཀོད་པ་བོན་དབྱིངས་སུ་བསྡུས་ནས་དེ་རིང༢༠༢༠-༢-༢༡ཉིན་གསང་རྒྱ་བཀྲོལ་བའི་གནས་ཚུལ་འདི་དད་འབངས་ཡོངས་ལ་མ་ཞུས་ཐབས་མེད་བྱུང་། དེ་ལུགས་ཀྱི་དགེ་སྒྲུབ་སྡིག་སྤོང་ལ་བརྩོན་ཏེ། བླ་མ་ལྷ་ཡི་ཞལ་ནས། ཀུན་ནས་བླ་མ་མཉེས་བྱེད་ན། །བསོད་ནམས་ཚོགས་ཀྱི་མཐར་ཐུག་ཡིན། །གསུངས་པ་ནང་བཞིན་དད་འབངས་ཡོངས་བླ་མའི་ཐུགས་དགོངས་རྫོགས་པའི་ལས་ལ་སྐུལ་བ་དང་། དམིགས་བསལ་ནན་གྱིས་ཞུ་དོན། དེང་ཆར་གོང་རིམ་གྱི་རིམས་འགོག་བཀའ་དགོངས་བརྩི་སྲུང་ཆེད་དུ་གནས་སྐབས་གདུང་མཇལ་སོགས་མི་མང་འདུ་ཚོགས་ཀྱི་བྱེད་སྒོ་གང་ཡང་སྤེལ་འཆར་མིན་པས་དེ་ལུགས་ཐུགས་འཇགས་གནང་བ་དང་། གནས་ཚུལ་ལ་བརྟགས་ནས་གདུང་མཇལ་སོགས་ཀྱི་གོ་སྐབས་འགྲིག་པ་ན་བརྡ་ཁྱབ་སྤེལ་འཆར་ཡིན་ནོ།།

ཞེས་ཁམས་ཉག་ཤོད་བྱ་བཏང་རི་ཁྲོད་ཀྱི་ལས་སྒྲུབ་ཚན་ཆུང་ནས༢༠༢༠-༢-༢༡ཉིན་སྤེལ།

ཉག་ཤོད་བྱ་བཏང་རི་ཁྲོད་ཀྱི་ཡིད་སྐྱོ་བའི་གནས་ཚུལ།” སྟེང་དུ་དཔྱད་མཆན 1 ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།