རེབ་གོང་མག་གསར་གསང་སྔགས་གཡུང་དྲུང་བསྟན་དར་གླིང་ནས་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་མཆོག་ལ་གདུང་མཆོད་ཕུལ་བ།

རྩོམ་པ་པོ། སྐལ་བཟང་རྒྱ་མཚོ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

ཨེ་མ་ཧོ།
དགའ་བཞི་བདེ་སྟོང་ཡེ་ཤེས་རྒྱུན་དུ་འབར། །
སྣང་བཞི་ཟད་སར་ཕྱིན་པའི་རྣལ་འབྱོར་པ། །
འཆི་མེད་གྲུབ་བརྒྱའི་གཙུག་གི་རྒྱན་གཅིག་པུ། །
ནམ་མཁའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །

ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་དམ་པ། སྒོས་ཉམ་ཐག་འགྲོ་བའི་དེད་དཔོན། ཤུག་འབྲུ་བཅུད་ལེན་གྱི་གྱེར་སྤུངས་ཆེན་པོ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་དགོངས་པ་བོན་དབྱིངས་སུ་ཐིམས་པའི་གདུང་མཆོད་ལ་དམིགས་ཏེ་རེབ་གོང་ཡར་ནང་བོན་སྡེ་ཁ་གསུམ་གྱི་ནང་ཚན་ཁྱུང་དཀར་བསྟན་པ་དར་རྒྱས་ཀྱི་གདན་ས། མཁས་དབང་བོན་བརྒྱ་རིན་པོ་ཆེའི་འཁྲུངས་གནས་མག་གསར་གསང་སྔགས་གཡུང་དྲུང་བསྟན་དར་གླིང་ནས་གསང་སྔགས་རིག་པ་འཛིན་པའི་སྡེ་ཡི་དུད་ཁྱིམ་སུམ་ཅུ་ལྷག་གི་བོན་གཤེན་རྣམས་ཀྱིས་ཀུན་བཟང་ཞི་བ་ཆེན་མོའི་ཆོ་གའི་གཞི་བཟུང་ནས་ཚོགས་འཁོར་རྒྱ་ཆེར་བསྐོར་ཏེ་རིན་པོ་ཆེ་མཆོག་ལ་གདུང་མཆོད་ཕུལ་བ་དང་། དུས་ཁྱད་པར་ཅན་འདི་ལ་སྡེ་འདིའི་མི་སྐྱ་ཕོ་མོ་ཡོངས་ཀྱིས་དགེ་བ་བརྒྱ་འགྱུར་སྟོང་འགྱུར་དུ་བསམ་ནས་མ་བསྐུལ་དང་བླངས་སྒོས། མར་མེ་མཆོད་འབུལ་དང་། བསྐོར་བ་ཕྱག་སྐོར་སོགས་བྱས་ཏེ་དགེ་སྒྲུབ་སྡུག་སྤངས་གི་ཚོགས་བསགས་རྒྱ་ཆེར་བྱས་པའི་གནས་ཚུལ་རགས་སྡུས་ཙམ་མོ།།

2020.02.23ཉིན་གསང་སྔགས་གཡུང་དྲུང་བསྟན་དར་གླིང་ནས་ཕུལ་བོ།

རྩོམ་སྒྲིག་པ། རེབ་སྐྱིད་ཡར་འཕེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།