ཁྱུང་པོ་རྩེ་དྲུག་དགོན་ནས་གྲུབ་ཆེན་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་པར་མཆོད་འབུལ་སྨོན་ལམ་ཞུས་པའི་གནས་བསྡུས།

༧ ཞང་ཞུང་སྒོ་པའི་ལྟེ་གནས་ཁྱུང་པོ་རྩེ་དྲུག་དགོན་ཤེལ་ལེ་རྒྱ་སྐར་གླིང་གི་འདུས་སྤྱི་ནས་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་པར་མཆོད་འབུལ་སྨོན་ལམ་ཞུས་པའི་གནས་བསྡུས།

རྩོམ་པ་པོ། རྩེ་དྲུག་ལས་འཛིན་ཚོགས་ཆུང་། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

དེ་ཡང་བོད་ལྕགས་བྱི་ལོའི་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ཞང་ཞུང་སྒོ་པའི་ལྟེ་གནས་རྩེ་དྲུག་དགོན་དུ་༧ཁྲི་འཛིན་དཔོན་གསས་བླ་མ་དམ་པ་མཆོག་སྤྲུལ་བསྟན་འཛིན་འོད་ཟེར་རིན་པོ་ཆེ་དང་། ཐེག་མཆོག་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་རྣམ་གཉིས་དང་།  ཚོགས་གཙོ་བཅས་ཀྱི་བཀའ་དགོངས་གཞིར་བཟུང་འོག  སྨིན་གྲོལ་ཚོགས་ཆེན་འདུ་ཁང་ནང་༧སྐྱབས་རྗེ་མཆོག་སྤྲུལ་འོད་ཟེར་རྣམ་གཉིས་དང་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་གྲྭ་ཚང་འདུས་པ་ཡོངས་ནས། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་པར་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་དགོངས་རྫོགས་སྨོན་ལམ་ཞུས་པའི་གནས་བསྡུས་སུ།  

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།