རྗེ་བླ་མའི་སྐུ་བརྙན་ཟངས་སྐུ་ང་འདྲ་མ་བཞེངས་འཆར་གནང་བ།

རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

སྐྱབས་རྗེ་བླ་མ་མཁས་གྲུབ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་མ་བསྡུས་པའི་སྔུན་ལོར། རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་གྲྭ་བཙུན་རྒན་པ་འགའ་རེ་དང་རེབ་གོང་བོན་མང་གི་སྔགས་འཆང་རྒན་པ་འགའ་རེ་ལྷན་ཅིག་ཏུ་འཚོགས་ཏེ། ཁོང་རིན་པོ་ཆེའི་སྐུ་བརྙན་གང་འདྲ་ཞིག་བཞེངས་འོས་པར་ཞལ་གྲོས་གནང་སྐབས། རིན་པོ་ཆེ་སྐུ་དངོས་ནས་ཇི་ལྟར་བཞེངས་དགོས་ལུགས་ཀྱི་ཐུགས་བཀོད་ཟབ་རྒྱས་གནང་ཡོད་པ་བཞིན། ད་རེས་རེབ་གོང་བོན་མང་གི་སྔགས་འཆང་ཆེན་མོ་བསོད་ནམས་ཚེ་རིང་མཆོག་གིས་ཁོང་སྒེར་ངོས་ནས་བླ་མ་རིན་པོ་ཆེའི་ཐུགས་བཀོད་ཇི་ལྟ་བ་བཞིན་དུ་ཟངས་སྐུ་ང་འདྲ་མ་ཁྲི་བརྒྱད་པ་ཞིག་བཞེངས་རྒྱུའི་ཞལ་བཞེས་གནང་བ་ལ། རང་དགོན་བླ་གྲྭ་ཡོངས་ནས་བཀའ་དྲིན་ལེགས་གསོལ་ཕུལ་བ་དང་ཆབས་ཅིག་སྦྱིན་བདག་ཆེན་མོ་ཁོང་གི་སྐུ་ཚེ་རྒྱལ་མཚན་རི་རབ་བཞིན་བརྟན་ཅིང་འདི་ཕྱིའི་དོན་ཀུན་ལྷུན་འགྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་དང་བཅས་དེ་རིང་གི་པར་རིས་འགའ་ཆེད་དུ་བཀོད་པ་དགེའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།