དཔལ་སྐྱང་སྤྲུལ་རིན་པོ་ཆེས་དབལ་རམ་འབུམ་གསུམ་གྱི་ལྗགས་ལུང་བསྩལ་བའི་གནས་ཚུལ་རགས་བསྡུས།

སྡེ་དགེ་ལྕང་ལུང་པཎྚི་ཏའི་གདན་ས་ཁྱད་པར་ཅན་ལྕང་ལུང་དགོན་གཤེན་བསྟན་སྨིན་གྲོལ་གླིང་གི་མཁན་པོའམ་ཤར་རྫའི་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེའི་དངོས་སློབ་ཚེ་དབང་འགྱུར་མེད་མཆོག་ནས་ད་ལོའི་ཧོར་ཟླ་ལྔ་བའི་ཚེས་ཉེར་དགུ་ནས་བཟུང་ཟླ་ངོ་གསུམ་ལྷག་གི་རིང་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བརྟེན་འགྱུར་གྱི་ལུང་རྒྱས་པར་གནང་འཆར་ལ་དགོངས་ཏེ། བླ་མ་དམ་པ་རྣམས་ཀྱི་བཀས་བཀོད་གནང་བ་བཞིན་ལོ་ངོ་ལྔ་ཙམ་གྱི་རིང་ལ་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་གཙོ་མཛད་པའི་བླ་སྤྲུལ་མཁན་གསུམ་གྱི་མདུན་ནས་ལྗགས་ལུང་མང་དུ་གསན་ཞིང་། ཁྱད་པར་དབལ་རམ་འབུམ་གསུམ་ལྟ་བུར་མཚོན་ན་མདོ་སྨད་བྱང་ཁའི་ཨཀྟ་རོང་གི་ཡུལ་འདིར་མ་གཏོགས་ལུང་རྒྱུན་ཆ་ཚང་ཞིག་མི་བཞུགས་པས། ཧོར་ཟླ་ལྔ་བའི་ཚེས་བརྒྱད་ཀྱི་བཀྲ་ཤིས་དུས་བཟང་གི་ཉིན་མོ་འདིར། མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་བླ་མ་བོན་བརྒྱ་རིན་པོ་ཆེའི་ཐུགས་སྲས་དམ་པ་དཔལ་སྐྱང་སྤྲུལ་ཚུལ་ཁྲིམས་ནམ་མཁའ་བསྟན་འཛིན་རིན་པོ་ཆེའི་མདུན་ནས་དབལ་རམ་འབུམ་གསུམ་གཙོས་སྤྱི་འདུལ་ཡི་དམ་རྒྱ་མཚོ་དང་སྤྱི་འདུལ་གཤེད་དམར། སྤྱི་འདུལ་ཡང་གསང་། སྲིད་རྒྱལ་དྲག་སྔགས་སོགས་ཀྱི་ལྗགས་ལུང་ཚུལ་བཞིན་ཞུས་པ་ལ། རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བླ་གྲྭ་སྤྱི་དང་། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་སྔགས་འཆང་རིག་འཛིན་གྱི་སྡེ། གཞན་ཡང་སྐྱེས་ཕོ་མོ་རྒན་གཞོན་མང་པོ་དད་པའི་གསེར་ཞགས་རིང་མོས་ཉེ་བར་དྲངས་ཏེ་མགོན་པོ་གང་གི་ལྗགས་ལུང་བདུད་རྩིའི་རྒྱུན་བཟང་ཚིམ་པར་རོལ་བའི་གནས་ཚུལ་རགས་བསྡུས་ཙམ་བཞུགས་པ་ལགས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།